ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་འཐུས་མི་དང་མཇལ་འཕྲད་གནང་བ།

2021-03-30 11:08:00     责编:卓玛才让

སྤྱི་ཚེས་29ཉིན་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཕྱོགས་སྡོམ་གཟེང་བསྟོད་ཚོགས་ཆེན་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛའ་བརྩེའི་ངང་ཚོགས་ཆེན་ལ་ཞུགས་པའི་གཟེངས་བསྟོད་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅེ་མཇལ་འཕྲད་གནང་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་10པར། ཞི་ཅིན་ཕིང་སོགས་ཅིང་ཤིས་གསོལ་མགྲོན་ཁང་གི་གྲོས་ཚོགས་ཐོག་ཁང་གི་ཚོམས་ཆེན་མདུན་མར་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།

ཞི་ཅིན་ཕིང་སོགས་འཐུས་མིའི་ཁྲོད་དུ་ཕེབས་ནས་ཚང་མ་དང་སྤེལ་རེས་གནང་བ་མ་ཟད་ལྷན་ཞུགས་ཀྱི་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་མཇལ་འཕྲད་ནང་ཞུགས་གནང་བ་མ་ཟད། ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་ཡོད། ཁོང་གིས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མཛུབ་སྟོན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་བཟང་ཆ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་ཆ་བཅས་ལ་བརྟེན་པས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་གནང་བ་དེ་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། ཡང་འབད་བསྐྱར་འབད་ཀྱིས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྱོང་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་གནང་ཡོད།

ཏིང་ཞུའེ་ཞང་དང་། ཡང་ཞའོ་ཏུའུ། ཁྲེན་ཞི། ཧོང་ཁུན་མིང་བཅས་མཇལ་འཕྲད་ནང་ཞུགས་པ་དང་། ཀྲའོ་ཁེ་ཀྲེ་མཇལ་འཕྲད་ནང་ཞུགས་པ་མ་ཟད་ཚོགས་ཆེན་གཙོ་སྐྱོང་གནང་བ། ཀྲོའུ་ཆང་དང་ཀྲང་ཅུན་མཇལ་འཕྲད་ནང་ཞུགས་པ་མ་ཟད་ཚོགས་ཆེན་ལ་ཞུགས་གནང་ཡོད།

ཚོགས་ཆེན་ཐོག་གཟེངས་བསྟོད་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་སྤྲད་པ་དང་། རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་ལས་དོན་པ། བྱ་དགའ་ཐོབ་པའི་ལས་བྱེད་པའི་འཐུས་མི་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་འཐུས་མི་དང་མཇལ་འཕྲད་གནང་བ།

ཚོགས་ཆེན་ཐོག་གཟེངས་བསྟོད་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་སྤྲད་པ་དང་། རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་ལས་དོན་པ། བྱ་དགའ་ཐོབ་པའི་ལས་བྱེད་པའི་འཐུས་མི་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད་པ་རེད།