ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

2021-03-24 10:30:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་། དེ་ཉིན་ཕྱི་དྲོ་ཁོང་གིས་སྔ་རྗེས་སུ་ནན་ཕིང་གྲོང་ཁྱེར་ཝུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ཀྱི་བློ་རིག་དོ་དམ་ལྟེ་གནས་དང་། ཤིང་ཚུན་གྲོང་རྡལ་ཡན་ཙེ་ཝོ་འབྱུང་ཁམས་ཇ་གླིང་། ཀྲུ་ཞི་སྤྱི་གླིང་བཅས་སུ་ཕེབས་ནས་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་དང་། ཇའི་ཐོན་ལས་གོང་འཕེལ། སྲོན་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།

སྤྱི་ཚེས་22ཉིན་གྱི་ཕྱི་དྲོ། ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུ་དབྱི་ཧྲན་ཤིང་ཚུན་གྲོང་རྡལ་གྱི་ཡན་ཙེ་ཝོ་འབྱུང་ཁམས་ཇ་གླིང་དུ་ཕེབས་ནས་དཔྱིད་དུས་ཀྱི་ཇ་ལོའི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་མ་ཟད་ས་གནས་དེ་གའི་ཇའི་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཉེ་བའི་ལོའི་རིང་ཚན་རྩལ་ཆེད་མངག་པའི་ཚོགས་པའི་མཛུབ་ཁྲིད་འོག་ཇ་གླིང་གིས་འབྱུང་ཁམས་འདེབས་བཙུགས་འབུར་དུ་ཐོན་པ་བྱས་པ་དང་། ཇ་ལོའི་སྤུས་ཚད་མཐོར་གཏོང་། ཇ་འདེབས་བཙུགས་བྱེད་མཁན་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་པ་སོགས་ཀྱི་གནས་ཚུལ་མཁྱེན་རྗེས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། ཝུ་དབྱི་ཧྲན་གྱི་ས་ཆ་དེ་ནི་སྐྱེ་དངོས་ཕུན་སུམ་ཚོགས་ཤིང་། ཇའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གནམ་གཤིས་ཚ་གྲང་སྙོམ་པ། ཇའི་ཐོན་ཁུངས་བཟང་ཆ་མངོན་གསལ་དོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་མ་ཟད་དེའི་ཐོག་ཏུ་ཚན་རྩལ་གྱི་འདེགས་སྐྱོར་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཇའི་ཐོན་ལས་ཤིག་གྲུབ་ཡོད། ཚན་རྩལ་ཆེད་མངག་པའི་ལམ་ལུགས་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ནས་མུ་མཐུད་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲ་བརྟན་དུ་གཏོང་བ། རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས། ཇའི་རིག་གནས་དང་ཇའི་ཐོན་ལས། ཇའི་ཚན་རྩལ་བཅས་ལ་གཅིག་འགྱུར་འཆར་འགོད་བྱ་དགོས། སྔོན་མ་ཡིན་ན་ཇའི་ཐོན་ལས་དེ་ཁྱེད་ཚོ་དབུལ་སྒྲོལ་འགག་གཏོར་ཐུབ་པའི་འདེགས་སྐྱོར་ཐོན་ལས་ཤིག་རེད། སླད་ཕྱིན་ཇའི་ཐོན་ལས་དེ་ཉིད་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་ཐོན་ལས་སུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།

རྟོག་ཞིབ་གནང་བའི་ལམ་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་བ་ཚོར་ཁོང་ཚོ་གང་ནས་ཡོང་མིན་བཀའ་འདྲི་གནང་བ་མ་ཟད་ཁོང་ཚོ་དང་མཛའ་བརྩེ་ཐུགས་སྣང་ཤིན་པོའི་སྤེལ་རེས་གནང་ཡོད།
དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུ་ཞི་སྤྱི་གླིང་དུ་ཕེབས་ནས་ཀྲུ་ཞིའི་སྐུ་ཚེ་ཧྲིལ་པོ་དང་གནས་ལུགས་རིག་པའི་ཞིབ་འཇུག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པས་ངེས་པར་དུ་མ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གལ་ཏེ་ཀྲུང་གོར་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ལོ་རྒྱུས་མེད་ན་ཀྲུང་གོའི་ཁྱད་ཆོས་ཇི་ལྟར་བྱུང་སྲིད། གལ་ཏེ་ཀྲུང་གོའི་ཁྱད་ཆོས་མེད་ན་དེང་གི་ལེགས་གྲུབ་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ཇི་ལྟར་གྲུབ་སྲིད། ང་ཚོས་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ཉིང་བཅུད་སྔོག་འདོན་བྱ་རྒྱུར་མཐོང་ཆེན་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་དེའི་ཁྲོད་ཀྱི་ཉིང་བཅུད་དང་མ་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ཟུང་འབྲེལ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་སྐྱོད་དགོས་ཞེས་གསུངས་ཡོད།

སྤྱི་ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་སན་མིང་གྲོང་ཁྱེར་ཧྲ་རྫོང་གི་སྤྱི་ཁྱབ་སྨན་ཁང་དང་། ཤ་མའོ་གྲོང་རྡལ་ཡུས་པང་གྲོང་ཚོ། ཧྲ་རྫོང་གྲོང་གསེབ་ཐོན་དབང་ཉོ་ཚོང་ལྟེ་གནས་བཅས་སུ་ཕེབས་ནས་ས་གནས་དེ་གས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད། ནགས་དབང་ལམ་ལུགས་བསྒྱུར་བཅོས་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་། དེ་ཉིན་ཕྱི་དྲོ་ཁོང་གིས་སྔ་རྗེས་སུ་ནན་ཕིང་གྲོང་ཁྱེར་ཝུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ཀྱི་བློ་རིག་དོ་དམ་ལྟེ་གནས་དང་། ཤིང་ཚུན་གྲོང་རྡལ་ཡན་ཙེ་ཝོ་འབྱུང་ཁམས་ཇ་གླིང་། ཀྲུ་ཞི་སྤྱི་གླིང་བཅས་སུ་ཕེབས་ནས་འབ