ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད།

2021-02-25 11:05:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཐེ་ཞུགས་བྱ་རྒྱུ་སྐུལ་སློང་དང་གཅིག་སྡུད་བྱས་ནས། མཉམ་དུ་འགག་གཏོར་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱིས་ཕྱུག་པའི་དབུལ་ཕོངས་ཉུང་གཏོང་གི་ལམ་བུ་ཞིག་བཏོད་པས་འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་བྱ་གཞག་ལ་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བ་དང་། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་བཟང་ཆ་མངོན་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ཀྱིས་ཕྱུག་པའི་དབུལ་སྐྱོར་འཐབ་ཇུས་མང་པོ་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད་དུས་བསྟུན་མཉམ་སྐྱོད་བྱས་ཡོད།

ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཤར་རྒྱུད་ཀྱི་ཞིང་ཆེན་9དང་གྲོང་ཁྱེར་14ཡིས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས་བཅུ་བཞིར་རོགས་སྐྱོར་བྱས་པས་མི་རིགས་རང་སྐྱོང་ཁུལ་དང་ནུབ་རྒྱུད་དབུལ་ཕོངས་ཚབས་ཆེ་བའི་གྲོང་ཁྱེར་དང་ཁུལ་ཚང་མར་ཐེངས་དང་པོ་ཁྱབ་ཐུབ་པ་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དམངས་གཙོ་ཏང་ཤོག་ཁག དངུལ་རྩའི་ཚན་པ། མཐོ་རིམ་སློབ་གྲྭ། ཀྲུང་དབྱང་ཁེ་ལས་སོགས་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། སྤྱི་ལོ་2020ལོའི་ལོ་མཇུག་བར་སླེབས་དུས། ཀྲུང་དབྱང་ཚན་པ་307གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱ་ཡུལ་དབུལ་ཕོངས་རྫོང་592ཚང་མ་དུས་བཀག་ལྟར་དབུལ་གྲོལ་ཐུབ་པ་བྱུང་ཡོད།

མི་དམངས་དམག་དཔུང་གིས་དམངས་ཆེད་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་བཏང་ནས་ཐག་ཉེ་ས་དང་གནས་གཏན་འཁེལ་གྱིས་དབུལ་ཕོངས་གྲོང་ཚོ་4100ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཁྲི་92.4དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ནས། རྒྱང་སྐྱོད་གསར་པ་འགོ་བརྩམས་པ་དང་། དུས་རབས་གསར་པའི་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་བཏོད་ཡོད།

“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”གནད་འཕིགས་དབུལ་སྐྱོར་བྱ་སྤྱོད་ནང་དམངས་གཉེར་ཁེ་ལས་ཁྲི་12.7ཞུགས་པ་དང་། དབུལ་ཕོངས་གྲོང་ཚོ་ཁྲི་7.32ལ་རོགས་སྐྱོར་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱིས་དབུལ་སྐྱོར་བྱེད་པའི་ཀྲུང་གོའི་ལམ་བུ་བཏོད་ཡོད།

རྒྱལ་ཡོངས་གོང་འོག་ཀུན་མཉམ་ཤུགས་སྒྲིལ་བ་དང་། ཀུན་སེམས་གཅིག་སྒྲིལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་རང་རྒྱལ་གྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་གྲོལ་ཐུབ་པ་དང་། དབུལ་ཕོངས་ས་ཁུལ་དུ་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ས་ཡ་གཅིག་དང་ཆིག་འབུམ་ཙམ་གསར་བཅོས་བྱས་པ་དང་། དབུལ་ཕོངས་མི་འབོར་ཁྲི་2889ཙམ་གྱི་འཐུང་ཆུ་བདེ་འཇགས་མེད་པའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱས་པ། གྲོང་གསེབ་གློག་དྲས་གློག་འདོན་ཚད་བརྒྱ་ཆ་99ཟིན་པ། གློག་དྲ་ཆེན་པོ་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ཡོངས་ལ་ཁྱབ་པ། དབུལ་ཕོངས་གྲོང་ཚོར་འོད་སྐུད་དང་4Gདྲ་བ་ཁྲིད་ཚད་བརྒྱ་ཆ་98ཟིན་པ། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་དབུལ་ཕོངས་རྫོང་ཡོངས་ལ་ཁྱབ་པ་བཅས་བྱུང་ནས་དབུལ་སྒྲོལ་འགག་གཏོར་ལ་མི་རྣམས་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཐེ་ཞུགས་བྱ་རྒྱུ་སྐུལ་སློང་དང་ག