ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཁྲེང་ཏུའུ་དང་ཁྲུང་ཆིང་གི་འཆར་འགོད་རྩ་འཛིན་ལ་གྲོས་ཞིབ་བྱས་པ།

2020-10-17 11:13:00     责编:sangjzm

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་རྩ་འཛིན་ལ་གྲོས་ཞིབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་རྩ་འཛིན་ལ་གྲོས་ཞིབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

གྲོས་ཚོགས་ཐོག་མིག་སྔར་རང་རྒྱལ་གོང་འཕེལ་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ལ་མུ་མཐུད་རྙོག་འཛིང་ཆེ་བའི་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད་པས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེས་བཟང་ཆ་གསབ་རེས་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་གྱི་གནས་སྟངས་ཤིག་འགྲུབ་རྒྱུར་ཕན་ཐོགས་ཡོད་ལ། ཁྲོམ་རའི་བར་ཁམས་རྒྱ་ཆེར་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་ལེགས་སྒྱུར་དང་བརྟན་པོ་ཡོང་བར་ཕན་ཐོགས་ཡོད་ཅིང་། དེ་ནི་རྒྱལ་ནང་གི་འཁོར་སྐྱོད་ཆེན་མོས་གཙོ་བོ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་པོ་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་ཞིག་ཆགས་པ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་པ་དང་། ཁྲུང་ཆིང་དང་ཁྲེང་ཏུའུ་ཡི་ལྟེ་བའི་གྲོང་ཁྱེར་གྱི་མཐུན་སྦྱོར་སྐུལ་ཁྲིད་མངོན་གསལ་དོད་པོ་ཡོང་བ། ས་ཁོངས་ཀྱི་བཟང་ཆ་དང་ཁྱད་ཆོས་མངོན་རྒྱུར་སྣང་ཆེན་བྱས་ཏེ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་དེ་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་དཔལ་འབྱོར་ལྟེ་གནས་དང་། ཚན་རྩལ་གསར་གཏོད་ལྟེ་གནས། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ། སྤུས་ཚད་མཐོ་བའི་འཚོ་སྡོད་ས་ཆ་བཅས་ལ་འགྱུར་བ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་ཞིག་ཏུ་བསྐྲུན་དགོས་པའི་ནན་སྟོན་གནང་བ་དང་།

གྲོས་ཚོགས་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱིས་སྤྱི་ཡོངས་ཀྱི་བསམ་བློ་དང་གཞི་གཅིག་ཅན་གྱི་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་མཉམ་ལས་ཀྱི་ཆུ་ཚད་མཐོ་བའི་མ་དཔེ་བསྐྲུན་པ། གྲོང་ཁྱེར་གཉིས་གོང་འཕེལ་ཡག་པོ་ཡོང་བ་བྱས་ཏེ་ནང་ལོག་སྐམ་སའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་མཉམ་དུ་བསྐྲུན་པ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་ཐུན་མོང་ཐོག་བསྐྲུན་ཏེ་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་གཏོད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ཡག་པོ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་གཉིས་ནང་ཧུར་ཐག་ཞུགས་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་གྱི་ལམ་བུ་གསར་པར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། ལྟེ་གནས་དང་ས་ཁོངས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཁྲུང་ཆིང་གི་གྲོང་ཁྱེར་གཙོ་བོ་དང་ཁྲེང་ཏུའུ་ཡི་གོང་འཕེལ་གྱི་ནུས་རིམ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་ཏེ། གྲོང་ཁྱེར་གོང་འཕེལ་དེ་ཁྱབ་རྒྱ་ཆེ་རུ་གཏོང་བ་ནས་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་བའི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གནས་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་དང་དོ་སྙོམས་ངང་གོང་འཕེལ་གཏོང་བ། མཐའ་འཁོར་གྱི་གྲོང་ཁྱེར་དང་རྫོང་དང་གཞི་གཅིག་ཅན་གྱི་གོང་འཕེལ་གྱི་གྲོང་ཁྱེར་ཁྱུ་ཚོགས་ཤིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有

ཁྲེང་ཏུའུ་དང་ཁྲུང་ཆིང་གི་འཆར་འགོད་རྩ་འཛིན་ལ་གྲོས་ཞིབ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་རྩ་འཛིན་ལ་གྲོས་ཞིབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།