༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས། གསར་དུ་བཟོ་བཅོས་རྒྱབ་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་ཁོངས་ལས་ཀའི་ཚོད་ལྟའི་བཀའ་བཅད་ཅེས་པ་སོགས་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-04-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས། གསར་དུ་བཟོ་བཅོས་རྒྱབ་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་ཁོངས་ལས་ཀའི་ཚོད་ལྟའི་བཀའ་བཅད་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་སྲོལ་ཚོད་ལྟའི་བཀའ་བཅད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྒྲིག་ཚོད་ལྟའི་བཀའ་བཅད་བཅས་ཡོངས་བསྒྲགས་བྱས་ཡོད་པ་དང་། གཅིག་གྱུར་ཐོག་ཐུན་མོང་གི་བཀའ་བཅད་ཅེས་འབོད་ཅིང་། སྤྱི་ལོ་༢༠༡༨ལོའི་ཟླ་༥པའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

གསར་དུ་བཟོ་བཅོས་རྒྱབ་པའི་ཐུན་མོང་བཀའ་བཅད་ནང་། ཞི་ཅིན་ཕིང་གི་དམག་སྟོབས་ཆེར་གཏོང་བའི་དགོངས་པ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ། དུས་བབ་གསར་པའི་འོག་དམག་དོན་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་བྱ་རྒྱུ། དེ་བས་མཐོང་ཆེན་ལྔའི་འཐབ་ཇུས་མཛུབ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ། དམག་ཨུད་ཀྱིས་སྤྱི་ཡོངས་ལ་དོ་དམ་དང་། འཐབ་ཁུལ་གྱིས་དམག་འཐབ་གཙོ་བོ་བྱེད་པ། དམག་རིགས་ཀྱིས་གཙོ་བོ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་དང་འཚམ་པ་བྱས་ཏེ། ཁྱོན་ཡོངས་ནས་དམག་ནན་པོས་བཅོས་པའི་བླང་བྱ་བཀའ་བཅད་ཀྱི་ཕྱོགས་ཁག་ཚང་མའི་ནང་མངོན་པ་བྱས་ཡོད་པས། དུས་རབས་རང་བཞིན་དང་། ཚན་རིག་རང་བཞིན། གནད་འཕིགས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད་པ་དང་། དེ་ནི་དུས་རབས་གསར་པར་དམག་དཔུང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་བྱ་རྒྱུའི་གཞི་རྩའི་ཁྲིམས་སྲོལ་དང་དམག་མི་ཡོངས་ནས་ཐུན་མོང་ཐོག་བརྩི་སྲུང་ཞུ་སའི་བྱ་སྤྱོད་རྩ་འཛིན་ཞིག་ཡིན། གསར་དུ་བཟོ་བཅོས་རྒྱབ་པའི་ཐུན་མོང་བཀའ་བཅད་ཡོངས་བསྒྲགས་ལག་བསྟར་བྱས་པ་དེས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་རྒྱུ་དང་། ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ། ཏང་གིས་དུས་རབས་གསར་པར་དམག་སྟོབས་ཆེར་གཏོང་བའི་དམིགས་འབེན་དང་། མི་དམངས་དམག་དཔུང་དེ་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱ་རྒྱུ་བཅས་ཀྱི་ཐད་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།