༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རིར་འཚམས་འདྲི་གནང་བ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ཚེས་༢ཉིན་ནས་༦ཉིན་བར་ཨ་རིར་འཚམས་འདྲི་གནང་ཡོད་ཅིང་། པོ་ཧྲི་ཐོན་དུ་འཐུས་མི་ཚོགས་པས་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱིར་སྡོད་སློབ་མའི་འཐུས་མི། བོད་རིགས་སྤུན་ཟླ་བཅས་དང་བཞུགས་མོལ་གནང་བ་དང་། མ་ས་ཀྲུའུ་སའེ་མངའ་སྡེའི་གྲོས་ཚོགས་སྨད་པའི་ལས་རོགས་གྲངས་མང་ཏང་གི་གཙོ་འཛིན་སྲིད་དོན་མི་སྣ་དང་ཐུག་འཕྲད་གནང་ཡོད།

ཧྭ་ཧྲོན་ཐོན་དུ་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པའི་གྲོས་མི་ཏའེ་ཨན་སི་དང་པ་ལ་སོ་དང་གྲོས་མོལ་གནང་བ་དང་། ཁག་སོ་སོར་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་ཨ་ཀྲུང་ལས་དོན་ཚོགས་ཆུང་གི་ཐུན་མོང་ཀྲུའུ་ཞི་ལ་ཧུའུ་ཏེ་དང་གྲོས་ཚོགས་སྨད་པའི་གྲོས་མི་ལ་སེན་དང་ཐུག་འཕྲད་གནང་བ་མ་ཟད། འབྲེལ་ཡོད་རྒྱལ་ཚོགས་ཀྱི་གྲོས་མིའི་ལས་རོགས་དང་མཁས་དབང་དང་བཞུགས་མོལ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།
རྩོམ་སྒྲིག་པ། པད་མ།