༄༅།།གཟི་རྩ་སྡེ་དགུའི་ས་ཡོམ་ཁྲོད་གྲོངས་པའི་མི་གྲངས་༢༤ལ་སླེབས་པ་དང་མི་༤༩༣ལ་རྨས་སྐྱོན་ཕོག་པ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་༨པའི་ཚེས་༡༡ཉིན་གྱི་དགོང་མོའི་ཆུ་ཚོད་༢༡སྐབས་སུ། གཟི་རྩ་སྡེ་དགུར་ས་ཡོམ་རིམ་པ་༧བརྒྱབ་ནས་མི་༢༤གྲོངས་པ་དང་། མི་༤༩༣ལ་རྨས་སྐྱོན་ཕོག་ཡོད། ཡུལ་སྐོར་བ་ཁ་བཀྲམ་རྒྱུ་དང་། ཡུལ་གཞན་ནས་ཞོར་ལས་ལ་སླེབས་པའི་མི་སྣ་གནས་སྤོ་བྱས་པ་ཁྱོན་མི་གྲངས་དྲུག་ཁྲི་ཆིག་སྟོང་ལྔ་བརྒྱ་ཟིན་པ་དང་། མང་ཚོགས་མི་གྲངས་ཉིས་ཁྲི་སུམ་སྟོང་བཞི་བརྒྱ་བདུན་ཅུ་དོན་བདུན་གནས་སྐབས་བཀོད་སྒྲིག་བྱས་ཡོད་པ་རེད།

མིག་སྔའི་ཆར་རྒྱུས་ལོན་བྱུང་བའི་གནས་ཚུལ་ལ་གཞིགས་ན། ད་དུང་མི་གསུམ་ལ་ད་དུང་འབྲེལ་བ་བྱེད་ཐུབ་མེད་པ་དང་། མང་ཚོགས་ཀྱིས་གནས་ཚུལ་སྙན་གསེང་ཞུས་པ་ལྟར་ན། གར་སོང་ཆ་མེད་དུ་འགྱུར་བའི་མི་གཉིས་མང་དུ་ཕྱིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།