༄༅།།རྒྱ་གར་གྱི་ལུས་རྩལ་པར་གསེར་གྱི་རྟགས་མ་དང་པོ་དེ་ཐོབ་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ་༢༠༡༧ལོའི་གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཁག་ཁྱོན་ཡོངས་ནས་མགོ་ཚུགས་ཡོད་པ་དང་རྒྱ་གར་གྱི་དྲག་རྩལ་བདམ་ཐོན་པ་མ་ཡང་ལན་པ་མུས་གསེར་གྱི་རྟགས་མ་དང་པོ་བླངས་ཡོད་པ་རེད།

དངོས་གཞིའི་འགྲན་བསྡུར་ནང་དངོས་སུ་ཞུགས་ཐེངས་དང་པོ་ཡིན་པའི་ཀྲུང་གོའི་སྐྱེ་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་སྔོན་པོར་སྐར་གྲངས་བཞི་ཅུ་ལས་གྲོལ་ནས་རྒྱ་གར་ལས་རྣམ་པར་རྒྱལ་ཡོད་པ་དང་ཀྲུང་གོའི་བུད་མེད་ཀྱི་U༢༠རྒྱལ་ཁབ་རུ་ཁག་ལ་བསྡུར་གྲངས་༡དང་༣གྱི་ཐོག་ནས་ཨུ་རུ་སུ་རུ་ཁག་ལ་ཕམ་ཡོད་པ་རེད།

དྲག་རྩལ་རྣམ་གྲངས་ཀྱི་འགྲན་སྡུར་ནང་པ་ཙིར་དང་ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ། ཀྲུང་གོ་བཅས་ཀྱི་ལུས་རྩལ་པ་༣༣ཞུགས་ཡོད་པ་དང་རྒྱ་གར་གྱི་ལུས་རྩལ་པ་མ་ཡང་ལན་པ་མུ་དང་ཀྲུང་གོའི་ལུས་རྩལ་པ་ཁྲེན་ཀུས་ཀྲེན་ལ་ཁག་སོ་སོར་སྐྱེ་པ་དང་བུད་མེད་ཀྱི་ཐའི་ཅི་མུར་ཙོག་དང་ཐའི་ཅི་གྲི་རྩེད་ཀུན་ནུས་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་ཡོད་པ་རེད།

ལོ་༢༧ཡིན་པའི་རྒྱ་གར་གྱི་ལུས་རྩལ་པ་མ་ཡང་ལན་པ་མུར་སྐབས་འདིའི་འཕེལ་རྒྱས་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་ཐོབ་པ་དང་དྲག་རྩལ་སྦྱངས་ནས་ལོ་༡༢ཕྱིན་པའི་མ་ཡང་ལན་པ་མུས་གོང་ཀྲའུ་ཡི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་དང་ཡ་ཀ་ཏའི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་སོགས་འགྲན་སྡུར་ཆེན་པོའི་ནང་ཞུགས་མྱོང་ཡོད་པ་དང་ད་ཐེངས་ནི་རྒྱལ་སྤྱིའི་འགྲན་སྡུར་གྱི་ཨང་དང་པོ་ཐོབ་ཐེངས་དང་པོ་ཡིན་པ་རེད།

ཀྲུང་གོའི་སྐྱེ་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་སྔོན་པོར་རུ་ཁག་དེ་བཙུགས་རྗེས་ཀྱི་དངོས་གཞིའི་འགྲན་སྡུར་དང་པོ་དེ་བྱས་ཡོད་པ་དང་ཁོང་ཚོར་ཁ་ཕྱོགས་མང་པོའི་ཐད་ནས་སྐར་མ་ཐོབ་པས་བསྡུར་གྲངས་༩༧དང་༥༧ཐོག་ནས་རྒྱ་གར་ལས་རྣམ་པར་རྒྱལ་ཡོད་པ་དང་ཕེའི་ཆིའུ་སྤོ་ལོའི་འགྲན་སྡུར་ནང་ཀྲུང་གོའི་བུད་མེད་རུ་ཁག་ལ་གཅིག་བསྡུར་གསུམ་གྱི་ཐོག་ནས་ཨུ་རུ་སུར་ཕམ་པ་དང་པ་ཙིར་རུ་ཁག་ལ་༣བསྡུར་༠ཐོག་ནས་ལྷོ་ཨ་ཧྥི་རི་ཁའི་རུ་ཁག་ཕམ་ཉེས་སུ་བཏང་ཡོད་པ་རེད།
གང་འདྲ་བྱས་ནས་སྤྱི་ལོ་༢༠༡༧ལོའི་དམག་སྒར་གྱི་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་གནད་དོན་ལ་ལྟ་བ་ཞེས་པ་པར་འགྲེམས་བྱས་པ།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།སྐྱིད་པོ།