ཞི་ཅིན་ཕིང་གིས་སྐབས༡༢པའི་ཀྲུང་གོ་དང་ཨེ་ཤ་ཡ་བྱང་ཤར་གྱི་དངོས་མང་འགྲེམས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་བ།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་༡༢པའི་ཀྲུང་གོ་དང་ཨེ་ཤ་ཡ་བྱང་ཤར་གྱི་དངོས་མང་འགྲེམས་ཚོགས་སྤྱི་ཟླ་༨ཚེས་༢༣ཉིན་ཅི་ལིན་གྱི་ཁྲང་ཁྲུན་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགྲེམས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཨེ་ཤ་ཡ་བྱང་ཤར་ནི་འཛམ་གླིང་ཐོག་གོང་འཕེལ་གྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་རེད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་ས་ཁུལ་གྱི་མཉམ་ལས་རྒྱ་ཆེར་དང་གཏིང་ཟབ་དུ་གཏོང་རྒྱུར་སྒུལ་ནུས་གསར་པ་མུ་མཐུད་སྣོན་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར། ཨེ་ཤ་ཡ་བྱང་ཤར་གྱི་ས་ཁོངས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་ཆ་རྐྱེན་བཟང་པོ་ཟམ་མི་ཆད་པར་གསོག་འཇོག་བྱེད་བཞིན་ཡོད། ཐེངས་འདིའི་དངོས་མང་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་ཕན་ཚུལ་བར་གྱི་ཡིད་ཆེས་དང་མཉམ་ལས་ཇེ་ཟབ་དུ་བཏང་ནས་ཨེ་ཤི་ཡ་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་མ་འོངས་གཏོད་དགོས་ཞེས་པ་དེ་ཡིན་ཞིང་། དེའི་ཐོག་ནས་ཕྱོགས་ཁག་གིས་ས་ཁུལ་གྱི་དར་རྒྱས་དང་གོང་འཕེལ་ལ་རེ་འདུན་བཟང་པོ་བཅངས་ཀྱི་ཡོད་པ་མངོན་ཡོད་པས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ལས་ཁུངས། ཁེ་ལས་བཅས་ཀྱི་འཐུས་མི་ཚོས་སྟེགས་བུ་དེ་བེད་སྤྱོད་ཡག་པོ་གཏོང་བ་དང་ཐུན་མོང་ངོས་འཛིན་གཅིག་ འདུས་བྱེད་པ། མཉམ་ལས་ལ་སྐུལ་འདེད། གྲུབ་འབྲས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཨེ་ཤི་ཡ་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་གཏོད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།