རྒྱུས་མངའ་ཡོད་པའི་ཉམས་འགྱུར། འགྱུར་བ་མེད་པའི་བརྩེ་སེམས།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་ངོ་བཅུ་ཕྲག་འགོར། རྒྱུས་མངའ་ཡོད་པའི་ཉམས་འགྱུར། འགྱུར་བ་མེད་པའི་བརྩེ་སེམས།

ཉིན་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ངལ་རྩོལ་དུ་ཞུགས་པའི་འདྲ་པར་ཞིག་ལ་དྲ་གྲོགས་མང་པོས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

ཟླ8ཚེས21ཉིན་ཀན་སུའུ་རུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའུ་ལང་རྫོང་པ་པུའུ་ཧྲ་ནགས་རར་ཕེབས་ཏེ། བྱ་བར་རྟོག་ཞིབ་གནང་ཞོར་ཁོང་གིས་ཡུར་གཤོལ་ཞིག་ཐོགས་ནས་བྱེ་བཅོས་ངལ་རྩོལ་དུ་ཞུགས། འགྲམ་གྱི་གྲོང་མིས“སྤྱི་ཁྱབ་ཧྲུའུ་ཅིའི་ལུས་ཤུགས་བཟང་བ་ལ། ”ཞེས་བསྔགས་པས། སྤྱི་ཁྱབ་ཧྲུའུ་ཅིས“ལུས་ཤུགས་དེ་ཙམ་ཡོད་དགོས།”ཞེས་ལན་བཏབ།

བྱང་ཆ་ལྡན་པའི་འགུལ་སྟངས་དང་ལས་ཀ་བྱེད་སྟངས་ལས་དྲ་གྲོགས་མང་པོ་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ངལ་རྩོལ་དུ་ཞུགས་པའི་གསོན་ཉམས་དོད་པའི་རྣམ་པ་འཆར།

འདི་ནི1995ལོར་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྥུའུ་ཀྲོའུ་གྲོང་ཨུད་ཧྲུའུ་ཅིའི་འགན་འཁུར་དུས་ཞི་ཅིན་ཕིང་གིས་མིན་ཧོ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་རགས་ཇེ་བརྟན་དུ་གཏོང་བའི་ལས་གྲྭར་ཞུགས་པའི་ངལ་རྩོལ་འདྲ་པར་ཡིན། ཁོང་གིས་ལག་པ་གཉིས་ཀྱིས་ལྕགས་ཁེམ་བཟུང་ནས་མི་དམངས་སྣེ་ཁྲིད་དེ་ས་བརྐོ་རྡོ་སློག་གི་ཡུལ་དངོས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས།

འདི་ནི1989ལོར་ཞི་ཅིན་ཕིང་ཧྥུའུ་ཅན་ཉིང་ཏེ་ས་ཁུལ་ཏང་ཨུད་ཧྲུའུ་ཅི་ཡིན་དུས་ས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་ཆིག་སྟོང་ལྷག་སྣེ་ཁྲིད་དེ་ཆུ་རྐ་ཞིག་གསོའི་ངལ་རྩོལ་དུ་ཞུགས་པའི་འདྲ་པར་ཡིན།

མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་དམིགས་འབེན་ཡིན། ཞི་ཅིན་ཕིང་བསམས་པར། གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་དང་མི་སེར་གྱི་ཆེད་དུ་བྱ་བ་སྒྲུབ་མཁན་ཡིན་པས་མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་གཏོང་རྒྱུ་ནི་གུང་ཁྲན་ཏང་གི་བྱ་གཞག་ཉག་གཅིག་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། སྒྲོལ་མ།