ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བརྒྱར་མིང་རྟགས་བཀོད་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་སྲོལ་ཡིག་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བརྒྱར་མིང་རྟགས་བཀོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔོན་བཤགས་དཔའ་བོའི་གཟེངས་བསྟོད་སྲོལ་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ཡོངས་བསྒྲགས་བྱས་པ་དང་། ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་ཡོད་པ་རེད
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ལོ་༢༠༡༡ལོའི་ཟླ་བ་༧པར་ཡོངས་བསྒྲགས་བྱས་པའི་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་སྲོལ་ཡིག་ལག་བསྟར་བྱས་ཚུན། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དྲིལ་བསྒྲགས་དང་དར་སྤེལ་གཏོང་རྒྱུ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མིར་བལྟ་སྐྱོང་བྱ་རྒྱུ། སྤྱི་ཚོགས་ཀུན་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་། སྔོན་གཤེགས་དཔའ་བོར་སློབ་སྦྱོང་བྱེད་པའི་ཁོར་ཡུག་སྐྲུན་རྒྱུ་སོགས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད།

ད་ཐེངས་བཟོ་བཅོས་བྱེད་པའི་ནང་དོན་ནི་སྔོན་གཤེགས་དཔའ་བོར་སྲུང་སྐྱོབ་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་རྟགས་ལམ་ལུགས་ཀྱི་མ་ལག་ནང་འཇུག་རྒྱུ་དེ་རེད། ནང་དོན་དེའི་ཞིབ་ཕྲའི་མངོན་ཚུལ་ཁག་གསུམ་ཡོད་པ་སྟེ། གཅིག་ནས་སྔོན་གཤེགས་དཔའ་བོའི་དཔྱད་བསྡུར་གཏན་འབེབས་གོ་རིམ་ལེགས་སྒྲིག་བྱ་རྒྱུ་དང་། དེའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་ཞབས་འཐིམ་པའི་དམག་མིའི་བྱ་དོན་ཚན་པས་སྔོན་གཤེགས་དཔའ་བོའི་མིང་ཐོ་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་རྟགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་གོང་འབུལ་བྱེད་པའི་ལས་ཀའི་གོ་རིམ་ཞིག་གསར་སྣོན་བྱས་ཡོད། གཉིས་ནས། སྔོན་གཤེགས་དཔའ་བོའི་ངོ་བོ་མངོན་པར་བྱ་རྒྱུ། དེ་ནི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལག་ཁྱེར་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་རྟགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་མིང་ཐོག་ནས་སྤྲོད་རྒྱུ། གསུམ་ནས། སྔོན་གཤེགས་དཔའ་བོ་དང་གང་དེའི་ཁྱིམ་མི་རྣམས་ལ་དད་གུས་དང་བརྩི་འཇོག་མཚོན་པར་བྱ་ཆེད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ལོ་ལྟར་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་ནས་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལག་ཁྱེར་སྤྲོད་རྒྱུ་བཅས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།