ཞི་ཅིན་ཕིང་གིས་ཧྥུ་ཅན་ཧྲའུ་ཉིང་རྫོང་ཤ་ཏང་ཤང་གི་ཡུལ་མི་རྣམས་ལ་ཡིག་ལན་བསྐུར་ནས་སྙིང་རུས་ཆེན་པོས་འབད་འཐབ་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཧྥུ་ཅན་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་དར་རྒྱས་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དགོས་ཞེས་སྐུལ་ལྕག་གནང་།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༤ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ཅན་ཧྲའུ་ཉིང་རྫོང་ཤ་ཏང་ཤང་གི་ཡུལ་མི་རྣམས་ལ་ཡིག་ལན་བསྐུར་གནང་ནས་ཁོང་ཚོ་དབུལ་སྒྲོལ་བྱུང་བར་བཀྲིས་སྨོན་འདུན་ཞུས་གནང་བ་དང་། ཁོང་ཚོས་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པའི་སྐུལ་ལྕག་གནང་ཡོད།

ཞི་ཅིན་ཕིང་གིས་བསྐུར་གནང་བའི་ཡིག་ལན་ནང་། ཤ་ཏང་དབུལ་སྒྲོལ་ཐུབ་པ་དང་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་བདེ་སྐྱིད་ལྡན་པ་ཡོད་པ་ཤེས་རྟོགས་བྱུང་བས་ང་རང་དགའ་ཚོར་ཆེན་པོ་བྱུང་། ཚང་མར་སྙིང་དབུས་ནས་བཀྲིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། སྐབས་དེ་དུས་ཤ་ཏང་ལ་གསུམ་སྐྱོད་བྱེད་པའི་རྣམ་པ་ང་རང་གིས་ད་བར་གསལ་ལྷང་ངེར་དྲན་གྱི་འདུག ལོ་ངོ་༣༠ལྷག་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཤ་ཏང་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ད་ལྟ་རྣམ་པ་གསར་རྐྱང་དུ་འགྱུར་ཞིང་། ཡུལ་མི་ཚོར་བདེ་སྐྱིད་ཚོར་སྣང་དང་ཐོབ་ཚོར་བསམ་པ་ཇེ་ཆེར་འགྲོ་བཞིན་ཡོད་པ་དེའི་ཐོག་ནས་སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་པའི་གནས་ལུགས་གསོན་ཉམས་དོད་པོས་མངོན་ཡོད་ཅེས་གསུངས་པ་དང་།
ཞི་ཅིན་ཕིང་གིས། ཡུལ་མི་ཚོས་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། ཆོད་སེམས་བརྟན་གཏོང་དང་། བློ་རྩེ་གཅིག་སྒྲིམ་ངང་འབད་འཐབ་བྱེད་པ། ཡུན་རིང་འབད་བརྩོན་བཅས་བྱས་ཏེ། དབུལ་སྒྲོལ་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱས་ནས། ཧྥུ་ཅན་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དགོས་པའི་ཐུགས་རེ་གནང་ཡོད།

ཤ་ཏང་ཤང་ནི་ཧྥུ་ཅན་ཤར་རྒྱུད་ཀྱི་ཉིང་ཏེའི་རི་ཁུག་ཏུ་གནས་ཤིང་། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་དུས་མཇུག་བར་ཤང་ཡོངས་ལ་གཞུང་ལམ་མེད་པ་དང་། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཧྥུ་ཅན་དུ་ཕྱག་ལས་གནང་རིང་། ཤ་ཏང་དུ་གསུམ་སྐྱོད་གནང་ནས་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་ཡོད། སྤྱི་ལོ་༡༩༨༩ལོའི་ཟླ་༧པའི་ཚེས་༡༩ཉིན། ཉིང་ཏེ་ས་ཨུད་ཀྱི་ཧྲུའུ་ཅི་གནང་བཞིན་པའི་ཞི་ཅིན་ཕིང་གིས་རླངས་འཁོར་ལ་དུས་ཡུན་ཆུ་ཚོད་གསུམ་ཙམ་དང་། ཞབས་ཐང་ལ་ཆུ་ཚོད་གཉིས་ལྷག་ཙམ་ཕེབས་ཏེ་ཚ་བ་ཆེན་པོར་འཛེམ་མ་གནང་བར་ཤ་ཏང་ཤང་ལ་དབུལ་ཕོངས་ཚོའི་བདེ་སྡུག་བཀའ་འདྲི་གནང་བ་དང་། གོང་འཕེལ་གྱི་དཀའ་གནད་ཐག་གཅོད་གནང་ཡོད། ཉེ་དུས། ཡུལ་མི་ཚོའི་མངགས་བཅོལ་ལྟར། ཤ་ཏང་ཤང་གི་ཏང་ཡོན་ལས་བྱེད་མང་ཚོགས་དྲུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡི་གེ་བསྐུར་ནས་ཤ་ཏང་དབུལ་སྒྲོལ་བྱུང་བའི་གཏམ་བཟང་སྙན་སེང་ཞུས་ཏེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།