ལི་ཁེ་ཆང་གིས་ཧའི་ཧྲན་གྱི་ཙུང་ལི་མར་ཁེ་ཝེ་ཆི་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༤པའི་ཚེས་༡༢ཉིན་གྱི་ཕྱི་དྲོ་ཏུ་པོ་ལོ་ཕུ་ཉི་ཁེར་ཧའི་ཧྲན་གྱི་ཙུང་ལི་མར་ཁེ་ཝེ་ཆི་དང་མཇལ་འཛོམས་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོས་ཧའི་ཧྲན་བར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཧའི་ཧྲན་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག དྭངས་གཙང་ནུས་ཁུངས། དེ་བཞིན་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་ནས་ཁྲོམ་ར་ཅན་གྱི་རྩ་དོན་གཞིར་བཟུང་གྲོས་མོལ་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་མ་གཏོང་འདོད་ཡོད།

ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

མར་ཁེ་ཝེ་ཆིས། ཧའི་ཧྲན་དང་ཀྲུང་གོའི་འབྲེལ་བར་མཛའ་གྲོགས་ལྡན་པ་དང་། མིག་སྔར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཧའི་ཧྲན་ཕྱོགས་ནས་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

ཉིན་དེའི་ཕྱི་དྲོ། ལི་ཁེ་ཆང་ད་ཐེངས་ཡོ་རོབ་ལ་འཚམས་འདྲི་གནང་རྒྱུ་ཐུགས་གྲ་ལེགས་འགྲིག་བྱུང་སྟེ་ཁེ་རོ་ཏི་ཡ་དང་ཞལ་གྱེས་ནས་རྒྱལ་ནང་དུ་ཕྱིར་ལོག་གནང་ཡོད། ཕེབས་ཁར་ཁེ་རོ་ཏི་ཡའི་ཙུང་ལི་ཕུ་ལན་ཁེ་ཝེ་ཆིས་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་པུ་ལི་ཆི་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་གནང་སྟེ་གནམ་ཐང་དུ་ཕེབས་སྐྱེལ་ལ་བཅར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།