ལི་ཁེ་ཆང་འཚམས་འདྲི་གནང་མཇུག་སྒྲིལ་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་སྤྱི་ཚེས་༡༣ཉིན་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་མཇལའཛོམས་ཐེངས་༢༡པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བརྒྱད་པར་ཞུགས་གནང་བ་མ་ཟད་ཁེ་རོ་ཏི་ཡར་དངོས་གཞིའི་འཚམས་འདྲི་གནང་གྲུབ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ཕྱིར་ལོག་གནང་ཡོད། ཙུང་ལི་ལི་ཁེ་ཆང་གི་སྐུ་ཟླ་ཁྲེང་ཧུང་དང་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་པེ་ཅིང་དུ་ཕྱིར་ལོག་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།