ལི་ཀྲེན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཁག་སོ་སོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་ཅིག་གི་གྲོས་ཞིབ་ནང་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལི་ཀྲེན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཁག་སོ་སོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་ཅིག་གི་གྲོས་ཞིབ་ནང་ཞུགས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་གྱི་ཕྱི་དྲོ་ཏང་དང་རྒྱལ་བ་ཀྱི་འགོ་ཁྲིད་མི་སྣ་ལི་ཀྲེན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཁག་སོ་སོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་ཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲེན་ཧྲུའུ་ཉིང་ཤ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པའི་ཁྲིམས་བཙུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་བདེན། དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཉིང་ཤ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཤ་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་བླང་བྱ་ལག་ལེན་ནན་ཏན་བསྟར་རྒྱུ་དང་། འབད་བརྩོན་ཆེན་པོས་དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་སྡུག མི་དམངས་ཕྱུག་པོ་བཅས་ཡོང་བ་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཧྲན་ཤི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཁོང་གིས། ཧྲན་ཤི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཤི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་པ་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཡག་པོ་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་གོ་འཕེལ་གྱི་གོམས་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅེ་ལིའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཀྲའོ་ལེ་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལིའོ་ཉིང་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཤང་བྱར་དར་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་གང་དྲག་བྱས་ནས། དཀའ་སྤྱད་འབད་ཐབས་དང་དོན་འཁྱོལ་དམ་འཛིན། ལིའོ་ཉིང་ཁྱོན་ཡོངས་དར་རྒྱས་དང་ཕྱོགས་ཧྲིལ་པོ་དར་རྒྱས་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་ཐོག་བཅོས་སྐྱོང་བྱེད་དགོས་པ་དང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རིམ་པ་དེ་དང་རང་ཉིད་ནས་འགོ་བརྩམས་ཏེ་ལྟ་སྐུལ་བྱེད་རྒྱུ་དང་ཏང་ཡོན་ལས་བྱེད་པས་ནན་གསུམ་དྲང་གསུམ་གྱི་སྤྱོད་ཚུལཐོག་ནས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཁོང་གིས། ཨན་ཧུའེ་ཡིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་སེམས་ལ་བརྟན་པོར་ངེས་ནས། སྔར་བས་བསམ་བློར་བཅིངས་འགྲོལ་དང་དམ་པ་དོན་གཉེར། གསར་གཏོད་སྲོལ་འབྱེད་བཅས་བྱེད་རྒྱུ་དང་། དབུས་རྒྱུད་དར་རྒྱས་འགྲོ་བའི་ཁྲོད་དུ་ལམ་བུ་གསར་པ་ཞིག་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་རྒྱུའི་རེ་བ་ཡོད། གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྦྱིན་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་གྱིས། བཟང་ཆའི་ཁྱབ་ཁོངས་ནང་དུ་འགག་གཏོར་གསར་པ་འཐོབ་རྒྱུར་བརྩོན་ལེན་བྱེད་རྒྱུ་དང་། དཔལ་འབྱོར་སྤུད་ཚས་མཐོ་པོའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ཟར་གསུམ་ཁུལ་གྱི་གཞི་གཅིག་ཅན་གྱི་གོང་འཕེལ་དེ་རྒྱལ་ཁབ་རིམ་པའི་འཐབ་ཇུས་སུ་སྤོར་རྒྱུའི་གོ་སྐབས་དམ་འཛིན་བྱས་ནས། ས་ཁོངས་མཐུན་སྦྱོར་གོང་འཕེལ་ཁྲོད་དུ་རང་ངོས་དེ་བས་གོང་འཕེལ་ཇེ་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།