ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་པི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་དོན་རྐྱེན་ཐད་ཨེ་ཙེ་ཨོ་པི་ཡའི་ཙུང་ཐུང་དང་ཁེན་ནི་ཡའི་ཙུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
སྤེལ་བའི་དུས་ཚོད། : 2019-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༣པའི་ཚེས་༡༡ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་པི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་དོན་རྐྱེན་ནང་མི་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་ཐད་ཁག་སོ་སོར་ཨེ་ཙེ་ཨོ་པི་ཡའི་ཙུང་ཐུང་ས་ཧེ་ལེ་དང་། ཁེན་པི་ཡའི་ཙུང་ཐུང་ཁེན་ཡ་ཐར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་། ཨེ་ཙེ་ཨོ་པི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་བའི་དོན་རྐྱེན་ཐོན་ནས། ཨེ་ཙེ་ཨོ་པི་ཡ་དང་ཁེན་ནི་ཡ། ཀྲུང་གོའི་སྤྱི་དམངས་བཅས་ཚུད་པའི་མི་སྣའི་ཚེ་སྲོག་གྱོན་གུན་ཚབས་ཆེན་བཟོས་པ་ཤེས་རྟོག་བྱུང་བས། ང་རང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུ་བ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་ནང་མིར་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། ཨེ་ཙེ་ཨོ་པི་ཡའི་སྲིད་གཞུང་གིས་ནུས་ལྡན་ངང་འདས་མཇུག་ལས་དོན་ཡག་པོ་གྲུབ་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོས་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཉིན་དེ་གར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་དེའི་ཐད་ཨེ་ཙེ་ཨོ་པི་ཡའི་ཙུང་ལི་ཨ་པིར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་གནང་ནས། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་གནང་བ་དང་། རྐྱེན་ལམ་དུ་ཤོར་མཁན་ནང་མིར་འཚམས་འདྲི་ཞུས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།