ཞི་ཅིན་ཕིང་གིས་ན་ནིང་རྟོག་ཞིབ་གནང་སར་བཅར་འདྲིར་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2019-02-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་གི་དམངས་འཚོའི་ཞབས་རྗེས་གང་སར་འཁོད། སྤྱི་ལོ༢༠༡༨ལོའི་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་ཕྱིར་ཆིང་ཏའོ་དང་། ཝི་ཧའི། གཡན་ཐའེ། ཅི་ནན་སོགས་སུ་རྟོག་ཞིབ་ལ་ཕེབས་པ་རེད། ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཁུལ་ཧྲང་ལེའུ་ཅ་ཡོན་སྡེ་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅིས། སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་དེ་གཞི་རིམ་ལ་སྤོ་བསྒྱུར་བྱས་ཐོག ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་དེ་བས་མང་བ་སྡེ་ཁུལ་དུ་བཞག་ནས། སྡེ་ཁུལ་གྲོང་མིར་གནད་འཕིགས་ཅན་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ་སྒྲུབ་དགོས་ཞེས་བསྟན་ཡོད། ཅི་ནན་གྲོང་ཁྱེར་ཀྲང་ཆུའུ་ཁུལ་ཧྲོང་ཧྲན་ཁྲོམ་ལམ་སན་ཅན་ཤིའི་གྲོང་ཚོར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས། ཞིང་པའི་ཡོང་འབབ་རྒྱུན་མཐུད་དང་ཅུང་མགྱོགས་པོའི་ངང་འཕར་བ་བྱེད་པའི་ཕུགས་ཕན་སྲིད་ཇུས་སྒྲིག་གཞི་འཚོལ་ཞིབ་བྱས་ནས། རྒྱ་ཆེའི་ཞིང་པ་རྣམས་གང་མགྱོགས་ཕྱུག་པོ་ཆགས་པ་བྱ་དགོས་ཞེས་བསྟན་ཡོད། དེ་ནས་ལོ་ཕྱེད་ཙམ་སོང་བས་ས་ཁུལ་དེ་དག་ཏུ་འགྱུར་བ་གང་འདྲ་ཕྱིན་ཡོད་དམ།

ཉིན་དགུང་ཞལ་ལག་ཟིན་པའི་སྐབས། ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཁུལ་ཧྲ་ཅ་ཡོན་སྡེ་ཁུལ་གྱི་དམངས་ཕན་ཟ་ཁང་ནང་། དགུང་ལོ༧༢ལ་ཕེབས་པའི་ལི་ཚུན་ཁུད་དང་དགུང་ལོ་༦༢ལ་ཕེབས་པའི་ལི་ཁྲང་ཧྥང་གིས་རྣམ་གཉིས་བང་གྲལ་སྒྲིག་ནས་ཞལ་ལག་ཉོ་བཞིན་ཡོད། ཁོང་གཉིས་ནས་སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་པའི་སྐོར་ལ་ཕྱིར་དྲན་གནང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག ཁོང་རྣམ་པས། འདིར་ཁ་ལག་ཟ་སྐབས་ཚང་མ་ཡར་ལངས་ནས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་བཟང་ཞེས་བརྗོད་སྐབས། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྐབས་དེའི་བསམ་པ་ནི་སྨྲ་བསམ་བརྗོད་ལས་འདས་པ་ཞིག་རེད་ཅེས་གསུངས་ཀྱི་འདུག

ན་ནིང་ཟླ་བ་དྲུག་པའི་ཚེས་བཅུ་གཉིས་ཉིན་གྱི་ཉིན་དགུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཁུལ་ཧྲ་ཅ་ཡོན་སྡེ་ཁུལ་གྱི་དམངས་ཕན་ཟ་ཁང་དུ་ཕེབས་པ་དང་། དེ་གར་ཁ་ལག་ཟ་བཞིན་པའི་གྲོང་མི་རྣམས་དང་བྱམས་བརྩེའི་བཀའ་མོལ་གནང་བ་རེད། ཧྲང་ལེའུ་ཅ་ཡོན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ལི་ཚུན་གཡེས་ཀྱིས། དམངས་ཕན་ཟ་ཁང་དེ་གཉེར་ནས་ད་ཕན་ལོ་གཉིས་ལྷག་ཙམ་འདས་པ་དང་། དེས་བུ་ཕྲུག་ཉེ་འགྲམ་དུ་མེད་པའི་རྒན་རྒོན་ཁ་ཤས་ཀྱི་གུང་ཟས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་ཅེས་གསུངས་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་དེ་གཞི་རིམ་ལ་སྤོ་བསྒྱུར་བྱས་ཐོག ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་དེ་བས་མང་བ་སྡེ་ཁུལ་དུ་བཞག་ནས། སྡེ་ཁུལ་གྲོང་མིར་གནད་འཕིགས་ཅན་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ་སྒྲུབ་དགོས་ཞེས་བསྟན་ཡོད། ལི་ཚུན་གཡེས་ཀྱིས་རྟོག་ཞིབ་བྱས་པ་བརྒྱུད། ༢༠༡༩ལོར་རྒན་གསོ་ཁང་ཞིག་བཙུགས་ནས་སྡེ་ཁུལ་ནང་གི་འཚོ་བར་དཀའ་ངལ་ཡོད་པ་དང་བལྟ་རྟོག་བྱེད་མཁན་མེད་པའི་རྒན་རྒོན་ལ་གནད་འཕིགས་ཅན་གྱི་ཞབས་ཞུ་སྒྲུབ་རྒྱུའི་འཆར་གཞི་བཏིངས་ཡོད་པ་རེད། ལི་ཚུན་གཡིས་ཀྱིས། སྡེ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཕྱིན་པས་ཕན་བདེའི་ཐོབ་ཆ་ཡང་མཐོ་རུ་ཕྱིན་ཡོད། ད་དུང་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་ཞིབས་ཚགས་ཅན་གྱི་ཞབས་ཞུ་མངོན་པ་བྱ་དགོས། གང་འདྲ་བྱས་ནས་ཁྱུ་ཚོགས་འདིར་མངོན་པ་བྱ་དགོས་ཞེ་ན། སྡེ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་གོང་འཕེལ་གཏོང་བ་བརྒྱུད། གོང་འཕེལ་གྱི་ཁྲོད་དུ་ཁོ་ཚོར་གཅེས་སྐྱོང་ཐོབ་པ་བྱེད་པ་དང་། ཏང་དང་རིམ་ཁག་སྒྲིག་འཛུགས་ཀྱིས་ཁྱུ་ཚོགས་འདིར་དོ་ཁུར་བྱེད་པ་ལོངས་སྤྱོད་ཐུབ་པ་བྱ་དགོས། དེར་བརྟེན་སྤྱི་ལོ༢༠༡༩ལོའི་ནང་ང་ཚོས་མུ་མཐུད་དཔལ་འབྱོར་གོང་འཕེལ་གཏོང་བ་དང་ཆབས་ཅིག་ཟམ་མི་ཆད་པར་དམངས་ཀྱི་འཚོ་བར་དོ་ཁུར་བྱ་རྒྱུ་ཡིན་ཞེས་གསུངས་ཀྱི་འདུག

ན་ནིང་ཟླ་བ་དྲུག་པའི་ཚེས་བཅུ་བཞི་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅི་ནན་གྲོང་ཁྱེར་ཀྲང་ཆུའུ་ཁུལ་ཧྲོང་ཧྲན་ཁྲོམ་ལམ་སན་ཅན་ཤིའི་གྲོང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གྲོང་མི་ཀྲའོ་ཧྲུན་ལིའི་ཁྱིམ་དུ་ཕེབས་པ་དང་། ཁྱིམ་མི་རྣམས་དང་ལྷན་དུ་བཀའ་མོལ་གནང་ནས། ཁོང་རྣམ་པའི་ཡོང་འབབ་གང་འདྲ་ཡོད་མེད་དང་། ཁང་པ་སྤོ་སྐབས་འགྲོ་སོང་ག་ཚོད་བཏང་མིན། འཚོ་བའི་ཐོག་ད་དུང་དཀའ་ངལ་གང་འདྲ་ཡོད་མེད་སོགས་བཀའ་འདྲི་གནང་བ་རེད། སྤྱི་ལོ༢༠༡༩ལོའི་ལོ་གསར་ཤིས་ཚིག་ནང་། སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་ཀྲའོ་ཧྲུན་ལི་ཡི་ཁྱིམ་གྱི་སྐོར་གླེང་གནང་བས། ཀྲའོ་ཧྲུན་ལི་སེམས་འགུལ་ཆེན་པོ་ཐེབས་པ་རེད། ཁོང་གིས། སྐབས་དེར་རང་གི་མིག་ལ་རང་ཡིད་མ་ཆེས་པར་གྱུར་སོང་། སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ལོ༢༠༡༨ལོར་ཧྲན་ཏུང་ཅི་ནན་སན་ཅན་ཤིའི་གྲོང་ཚོའི་ཀྲའོ་ཧྲུན་ལི་ཡི་ཁྱིམ་དུ་ཕྱིན་པ་དང་། ཁོང་གི་ཁྱིམ་མི་དང་ཁ་བརྡ་བྱས་པ་ཡིན་ཞེས་གསུངས་སོང་། བཀའ་མོལ་དེ་ནམ་ཡང་བརྗེད་ཐབས་མེད། བཀའ་མོལ་དེ་ནི་དྲོ་སྐྱིད་སྦྱིན་པའི་བཀའ་མོལ་ཞིག་རེད་ཅེས་གསུངས་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པའི་ས་གནས་ཀྱི་འགོ་ཁྲིད་རྣམས་ལ། ཞིང་ལས་དང་གྲོང་གསེབ་ལས་དོན་བརྒྱ་བཤད་ཀྱང་རུང་སྟོང་བཤད་ཀྱང་རུང་། ཞིང་པའི་ཡོང་འབབ་འཕར་བ་བྱ་རྒྱུ་ནི་འགག་རྩ་དེ་རེད་ཅེས་བཀའ་མངགས་གནང་ཡོད། སན་ཅན་ཤིའི་གྲོང་ཚོས་ཁྱད་ལྡན་ཞིང་རའི་ཕྱོགས་བསྡུས་མ་ལག་དང་ལྗང་མདོག་བཟོ་བསྐྲུན་གཅིག་སྡུད་ཁུལ་གཏོད་པ་བརྒྱུད། ཞིང་པའི་ཡོང་འབབ་འཕར་སྣོན་དང་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། དེའི་ནང་ཀྲའོ་ཧྲུན་ལི་དགའ་ཤོས་ནི། གྲོང་ཚོས་གནའ་བོའི་བསྐྲུན་དངོས་ཐོན་ཁུངས་ལ་བརྟེན་ནས་སན་ཅན་ཤིའི་གནའ་གྲོང་ཡུལ་སྐོར་ཕྱོགས་བསྡུས་ཁུལ་བསྐྲུན་པ་དེ་རེད། ཀྲའོ་ཧྲུན་ལི་ཡིས། ལོ་གསར་བཏང་རྗེས་གནའ་གྲོང་གི་ཕྱོགས་བསྡུས་ཁུལ་ནང་གི་སྟབས་བདེའི་ཞིམ་ཟས་ཁྲོམ་ལམ་བསྐྲུན་ཚར་རྗེས་རང་ཉིད་ནས་ཟ་ཁང་ཞིག་བཟུང་ནས་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་རྒྱུ་ཡིན་ཞེས་དང་། ཁོང་གིས། ལྔ་གཅིག་སྐབས་ཞིམ་ཟས་ཁྲོམ་ལམ་གཏོད་ཚར་རྗེས་ཁོང་ནས་ཚོང་ཙག་ཙིག་རྒྱག་རྩིས་ཡོད། ཀྲང་ཆུའུ་ཡི་བག་ལེབ་ཀྱང་སྐད་གྲགས་ཆེན་པོ་ཡོད། སྐབས་དེར་ཚང་མ་ཞིམ་ཟས་མཆོད་པར་ཕེབས་ཆོག་ལ་ལྟ་སྐོར་ཡང་གནང་ཆོག་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།