ལི་ཁེ་ཆང་གིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་རི་ཟུར་ སི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༡༢པའི་ཚེས་༣ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རི་ཟུར་སི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། ཁོང་ནས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ། ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་འབྲེལ་བ་སླར་གསོ་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བ། གྲུབ་འབྲས་གྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཐོགས་ཡོད་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།