སྤྱོད་ཤེས་ལུས་མཛེས་ལས་བཅས་ལྔ་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཤེས་ལུས་མཛེས་ལས་བཅས་ལྔ་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེསབསྟན་གནང་བ་ཡིས་སློབ་གསོའི་འཐབ་ཕྱོགས་ནས་བསམ་གཞིགས་གསར་པ་དང་བྱ་སྤྱོད་གསར་པ་སྤེལ་རྒྱུར་ཁྲིད་སྟོན་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བ་དང་། སྤྱོད་ཤེས་ལུས་མཛེས་ལས་བཅས་ལྔ་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དང་། སློབ་གསོ་དེང་རབས་ཅན་དང་། སློབ་གསོ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་པ། མི་དམངས་ཀྱིས་བློ་ཡིད་ཚིམ་པོ་བྱེད་པའི་སློབ་གསོ་ཡག་པོ་གཉེར་དགོས་པ་སོགས་རྒྱས་བཤད་གཏིང་ཟབ་རབ་དང་རིམ་པ་གནང་ཡོད་པ་དང་། དུས་རབས་གསར་པའི་སློབ་གསོའི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད་པ་རེད།

ཉིན་ཤས་བསྟུད་མར། རྒྱལ་ཡོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ནས་གལ་ཆེའི་གསུང་བཤད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་ངོས་ཀྱི་དོན་དངོས་ལས་དོན་དང་ཟུང་འབྲེལ་བྱས་ནས། སློབ་གསོའི་ལས་དོན་གྱི་མདུན་དུ་གནས་པའི་དུས་བབ་གསར་པར་བསམ་གཞིགས་ནན་ཏན་བྱེད་པ་དང་། རང་རྟོགས་ངང་ལས་འགན་གསར་པ་འཁུར་བ། བྱ་སྤྱོད་གསར་པ་སྤེལ་རྒྱུའི་འགན་ཁུར་གྱི་ཡོད་པ་རེད།

དུས་རབས་གསར་པའི་ནང་། སློབ་གསོས་ལས་འགན་གང་འདྲ་ཞིག་ཁུར་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏརང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དེས། ང་ཚོས་སློབ་གསོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ཡིན་པ་གཏན་འཁེལ་བྱུང་ཡོད་ཅེས་བསྟན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེས། སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་གསལ་པོ་བཟོས་གནང་ཡོད་ལ། སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་ཁ་ཕྱོགས་དམིགས་འབེན་གསལ་སྟོན་གནང་ཡོད། སློབ་གསོ་པུའི་པུའུ་ཀྲང་ཁྲེང་པའོ་ཧྲེང་གིས། སློབ་གསོའི་འཐབ་ཕྱོགས་ནས་གསར་མཐོ་དངོས་ཟབ་བཅས་ཀྱི་གཞི་རྩའི་བླང་བྱ་བཞི་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། ཁྱད་ཆོས་ལྡན་པ་བཅས་རྒྱུན་འཁྱོངས། དོན་འཁྱོལ་དམ་འཛིན་དང་། དངོས་ཕན་བརྩོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ནས་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་རྩིས་ཁྲ་དང་། ཞིབ་འཇུག་བྱ་གཞིའི་རྩིས་ཁྲ། སྲིད་ཇུས་རྩིས་ཁྲ། ལས་འགན་རྩིས་ཁྲ་བཅས་བཟོས་ནས། ལས་དོན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་པོ་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།

པེ་ཅིན་སློབ་གྲྭ་ཆེན་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཐོག་ནས་ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཆོས་ཉིད་དང་། དཔེ་ཁྲིད་མི་སྐྱོང་གི་ཆོས་ཉིད། སློབ་མ་འཚར་ལོངས་ཀྱི་ཆོས་ཉིད་བཅས་གནད་ལ་འཕིགས་ནས་སྒོ་ནས་ཁོང་དུ་ཆུད་གནང་ཡོད་པ་མངོན་ཡོད། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སློབ་གསོ་ཡག་པོ་གཉེར་བའི་རྩ་བའི་འགན་ལེན་ཡིན་ཞིང་། པེ་ཅིན་སློབ་གྲྭ་ཆེན་མོས་གཞི་རིམ་ཏང་རྩ་འཛུགས་དེ་སྤྱོད་སྐྱོང་མི་གསོ་བྱེད་པའི་སྲ་བརྟན་གྱི་དམག་འཐབ་མཁར་རྫོང་ལྟ་བུར་འཛུགས་སྐྱོང་བྱས་ནས། སྤྱོད་ཤེས་ལུས་མཛེས་ལས་བཅས་ལྔ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྔར་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སློབ་གཉེར་སྒྲིག་གཞི་དང་སློབ་གསོའི་དོ་དམ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཝུའུ་ཧན་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཏོའུ་ཞན་ཁང་གིས། གནམ་འོག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ས་དངོས་ཤིག་ཆགས་ཆེད་དུ་ཉེ་བའི་ལོའི་ནང་ཝུའུ་ཧན་སློབ་གྲྭ་ཆེན་མོས་སློབ་གྲྭ་ཆེན་མོའི་འཇོན་ནུས་དངོས་ཕྱིར་ལོག་པ་དང་སློབ་གྲྭ་ཆེན་མོའི་སྒྲིག་ལམ་ལེགས་འགྱུར། ནང་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། བཟང་ཤོས་གཉིས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད། གོམས་སྟབས་རྗེས་མར་སློབ་གྲྭས་སློབ་གྲྭ་དང་སློབ་གླིང་རིམ་པ་གཉིས་ཀྱི་དོ་དམ་སྒྲིལ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དངོས་གཞིའི་སློབ་མའི་སློབ་གསོའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རིམ་གསུམ་ཞིབ་དཔྱད་ལམ་ལུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་བསྒྱུར་བཅོས་སྐུལ་འདེད་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དམ་འཛིན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

ཉིང་ཤ་ཧུའེ་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱི་འགོ་འཛིན་ལི་ཆིའུ་ལིང་གིས། ད་ལོ་སློབ་གསོ་པུས་ཉིང་ཤ་ཡིས་དྲ་སྣོན་སློབ་གསོའི་ཚོད་ལྟའི་ཞིང་ལྗོངས་འཛུགས་རྒྱུ་སྒྲིག་འཛུགས་བྱེད་པར་ཆོག་མཆན་སྤྲད་ཡོད་པ་དང་། གྲོང་གསེབ་སློབ་གྲྭ་དང་གྲོང་ཁྱེར་སློབ་གྲྭའི་ཆ་འགྲིགས་ཀྱིས་རིག་ནུས་དང་སློབ་ཁྲིད་གོམས་པ་མཉམ་བགྲོད་དང་གྲོང་གསེབ་ཀྱི་སློབ་ཁྲིད་ཐད་གྲངས་གཞིའི་སློབ་གསོའི་ཐོན་ཁུངས་ཡོངས་ལ་ཁེབས་པ་བྱས་ཏེ། གྲོང་གསེབ་བུ་ཕྲུག་གིས་གྲོང་ཁྱེར་གྱི་སློབ་མ་དང་འདྲ་བར་དེ་བས་ལེགས་པའི་སློབ་གསོའི་ཐོན་ཁུངས་མྱོང་རྒྱུ་ཡོད་པ་བྱེད་རྒྱུ་ཡིན་ཞེས་དང་། ཁོང་གི་ཡིད་ཆེས་ཀྱི་ཁེངས་པའི་སྒོ་ནས་ནུབ་རྒྱུད་དཔལ་འབྱོར་དར་རྒྱས་ཆེན་པོ་མེད་པའི་ས་ཁུལ་དུ་སློབ་གསོ་བསྒྱུར་བཅོས་བྱེད་རྒྱུ་དེས་རྒྱུན་ཆད་མེད་པར་གོང་འཕེལ་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཟམ་མི་འཆད་པར་མཁོ་འདོན་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་དགོས་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་བཏང་བ་དང་། འབད་བརྩོན་ཆེན་པོས་དགེ་རྒན་གྱི་ཆབ་སྲིད་གནས་བབ་དང་སྤྱི་ཚོགས་གནས་བབ། ལས་རིགས་གནས་བབ་བཅས་མཐོ་རུ་བཏང་སྟེ། རྒྱ་ཆེའི་དགེ་རྒན་ལ་ཡོད་དགོས་ངེས་ཀྱི་སྤྱི་ཚོགས་ཀྱི་མིང་གྲགས་མྱོང་དུ་འཇུག་དགོས་པ་དང་། སློབ་ཁྲིད་མི་སྐྱོང་གི་ལས་གནས་ཐོག་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་ཞེས་སྟོན་གནང་བ་རེད།

ཡུན་ནན་ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་འཛིན་ཀྲོའུ་རུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། གྲོང་གསེབ་དགེ་རྒན་གྱི་ཟླ་ཕོག་ཐོབ་ཐང་དང་བྱ་དགའི་སྐུལ་སློང་། སྒྲིག་ཁོངས་གོ་མིང་སོགས་ཀྱི་སྲིད་ཇུས་ཁག་གཅིག་གྱུར་འཆར་འགོད་དང་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་དགེ་རྒན་ལ་ལས་རིགས་ཀྱི་གནས་བབ་ཡོད་ལ་སྤྱི་ཚོགས་ཀྱི་གནས་བབ་ཀྱང་ཡོད་པ་བྱེད་རྒྱུ་དང་རྨང་གཞིའི་སློབ་གསོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

སློབ་ཁྲིད་མི་སྐྱོང་ནི་ལོ་བརྒྱའི་ཇུས་ཆེན་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར་སློབ་གསོར་ཞེན་པའི་ཏིང་འཛིན་དང་མིང་གྲགས་སྤོང་བའི་བརྟན་སྲུང་བྱེད་དགོས།

ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཨར་ལས་ལས་གྲྭའི་ཚན་ཁག་ནས་ཐོན་པའི་སྤྱི་ལོ་༢༠༡༤ལོའི་དངོས་གཞིའི་སློབ་མ་ཡང་ཀྲའོ་ད་ཆ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་གསོར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཉིང་ཤ་རུ་འཚར་ལོང་བྱུང་བའི་ཁོ་མོས་སློབ་གསོས་ནུབ་རྒྱུད་བུ་ཕྲུག་ལ་དོན་སྙིང་ལྡན་པ་གསལ་པོར་ཤེས་ཀྱི་ཡོད། ཡང་ཀྲའོ་ཡིས། སློབ་གྲྭ་ཆེན་མོའི་ལོ་བཞིའི་སློབ་གསོས་ང་ལ་གཞོན་ནུར་ཕུགས་བསམ་རིང་ལུགས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་ཡོད་པ་ཤེས་སུ་བཅུག་བྱུང་། ང་ནི་སློབ་གསོའི་བྱ་གཞག་གི་ཕན་པ་ཐོབ་མཁན་ཞིག་ཡིན་ལ། སློབ་གསོའི་བྱ་གཞག་ལ་དྲིན་ལན་མཇལ་མཁན་ཞིག་ཏུའང་འགྱུར་རེ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།