ལི་ཁེ་ཆང་གིས་སྐབས་༧༣པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕི་ནོ་ས་དང་ཐུགས་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-08-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལི་ཁེ་ཆང་གིས་སྤྱི་ཚེས་༨ཉིན་གྱི་ཕྱི་དྲོ་པེ་ཏེ་ཧེར་སྐབས་༧༣པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཕི་ནོ་ས་དང་ཐུགས་འཕྲད་གནང་ཡོད་པ་རེད།

ལི་ཁེ་ཆང་གིས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་བར་གདེང་འཇོག་བཟང་པོ་གནང་ཡོད་པ་དང་ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༥ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུར་ལེགས་གྲུབ་ལྡན་པའི་སྒོ་ནས་འཚམས་འདྲི་གནང་བ་དང་་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་དང་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་ལ་བརྩི་སྲུང་ཞུས་ནས་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ལི་ཁེ་ཆང་གིས། མིག་སྔར་དུས་སྐབས་གང་རུང་ལས་ཕྱོགས་མང་རིང་ལུགས་ཀྱི་འཛམ་གླིང་སྔར་བས་དགོས་མཁོ་ཆེན་པོ་ཡོད་པ་དང་སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་གསུངས་འདུག

ལི་ཁེ་ཆང་གིས། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སོགས་ཀྱི་སྒྱུར་བཅོས་རྣམས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན། དེ་བཞིན་རང་དབང་ཉོ་ཚོང་སོགས་རྒྱལ་སྤྱིའི་རྩ་དོན་ལ་སྲུང་སྐྱོབ་བཅས་བྱེད་པའི་རྨང་གཞིའི་ཐོག་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

ཨེ་སི་ཕི་ནོ་ས་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་ཀྲུང་གོའི་ཕྱོགས་དང་དེ་བཞིན་རྒྱལ་ཁབ་ཁག་དང་མཉམ་དུ་སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས་ཁོག་ཡངས་དང་མི་ཚང་མར་ཕན་པའི་དཔལ་འབྱོར་འཛམ་གླིང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཀྱིས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།