ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅིས་ཚའེ་ཡི་ཕུལ་བྱུང་བྱས་རྗེས་ལ་གལ་ཆེའི་མཛུབ་སྟོན་གནང་ནས་རྒྱལ་གཅེས་ལེགས་སྐྱེས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དེ་དུས་རབས་གསར་པའི་ནང་འབད་པ་ལྷུར་ལེན་གནང་མཁན་ཚོའི་སྙེག་བྱ་ཡུལ་ལ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་བ།
སྤེལ་བའི་དུས་ཚོད། : 2018-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅིས་ཚའེ་ཡི་ཕུལ་བྱུང་བྱས་རྗེས་ལ་གལ་ཆེའི་མཛུབ་སྟོན་གནང་བ་དང་། བློ་མཐུན་ཝང་ཅིས་ཚའེ་ཡིས་ལོ་ངོ་༣༢རིང་གནོང་འགྱོད་སྤུ་ཙམ་མེད་པའི་སྒོ་ནས་གླིང་སྲུང་རྒྱལ་སྲུང་མཐའ་གཅིག་ཏུ་གནང་བ་དང་། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་མི་ཚེའི་ལེའུ་གཏོད་གནང་མཛད་ཡོད། ང་ཚོས་དེ་ལྟ་བུའི་རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས། དེ་དུས་རབས་གསར་པར་བརྩོན་པ་དོན་གཉེར་གནང་མཁན་ཚོའི་མི་ཚེའི་རིན་ཐང་གི་རེ་སྙེག་བྱ་ཡུལ་ལ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། བློ་མཐུན་ཝང་ཅིས་ཚའེ་ཡི་ཁྱིམ་མི་ཚོར། འབྲེལ་ཡོད་ཕྱོགས་ནས་ཐུགས་གསོའི་འཚམས་འདྲི་གནང་དགོས། བློ་མཐུན་ཝང་ཅིས་ཚའེ་ལྟ་བུ་དུས་ཡུན་རིང་པོར་དཀའ་ཚེགས་ཆེ་བའི་ལས་གནས་ཐོག་ལེགས་སྐྱེས་འབུལ་ནུས་མཁན་བློ་མཐུན་ཚོར། རིམ་ཁག་རྩ་འཛུགས་གིས་རང་འགུལ་ངང་ཁོང་ཚོའི་དོན་དངོས་དཀའ་ངལ་སེལ་རོགས་ཧུར་ཐག་ཞུ་དགོས་པ་དང་། བསམ་བློ་དང་། ལས་དོན། འཚོ་བ་བཅས་ཀྱི་ཐོག་སྔར་ལས་ལྷག་པའི་ཐུགས་ཁུར་གཅེས་སྐྱོང་ཞུ་དགོས་ཞེས་བསྟན་གནང་ཡོད།

ཝང་ཅིས་ཚའེ་སྐུ་འཚོ་ཞུགས་སྐབས་ཅང་སུའུ་ཞིང་ཆེན་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་གྱི་ཡུལ་དམག་སོ་ལྟ་ཁང་གི་འགོ་འཛིན་ཡིན་པ་རེད། ཁའེ་ཧྲན་ཏའོ་གླིང་ཕྲན་དེ་རང་རྒྱལ་ཧོང་ཧའེ་རྒྱ་མཚོའི་མདུན་ཕྱོགས་སོ་ལྟ་བྱ་ཡུལ་དུ་གནས་པ་དང་། རྒྱ་ཁྱོན་ལ་རྐང་རྩེད་སྤོ་ལོའི་ཐང་ཆེན་གཉིས་བསྡོམས་པའི་རྒྱ་ཁྱོན་ཙམ་ལས་མེད། ཡིན་ནའང་དེའི་འཐབ་ཇུས་ཀྱི་གནས་སྟངས་ཧ་ཅང་གལ་འགངས་ཆེན་པོ་ཡོད། སྤྱི་ལོ་༡༩༨༥ལོར་དམག་དཔུང་སྒྲིག་གཞི་ཕྱིར་འཐེན་བྱས་པའི་རྗེས། ཡུལ་དམག་སོ་ལྟ་ཁང་ཞིག་བཙུགས་ཡོད། ཡིན་ནའང་། དེ་གའི་ཆ་རྐྱེན་ཞན་པ་དང་དཀའ་ཚེགས་ཆེ་བའི་དབང་གིས། སྔ་རྗེས་སུ་གླིང་ཕྲན་དེའི་ཐོག་སླེབས་པའི་ཡུལ་དམག་༡༠ལྷག་ཙམ་གྱིས་ལས་གནས་ཡུན་རིང་བརྟན་སྲུང་ཐུབ་མེད་པ་རེད། སྤྱི་ལོ་༡༩༨༦ལོར། རང་ལོ་༢༦ལ་ཕེབས་པའི་ཝང་ཅིས་ཚའེ་ཡིས་གླིང་ཕྲན་དེ་སྲུང་བའི་འགན་འཁྲི་དང་དུ་བླངས་པ་ནས་བཟུང་། ཁོང་གི་ཆུང་མ་དང་ལྷན་དུ་གླིང་ཕྲན་དེའི་སྟེང་ཁྱིམ་གཞིས་བཙུགས་ནས། ཁེར་རྐྱང་གླིང་ཕྲན་དང་མཉམ་འགྲོགས་གནང་བ་དང་། ཆུ་དང་གློག་མེད་པ་དང་། ཐ་ན་རྩ་རྩི་ཤིང་ཡང་སྐྱེ་འཚར་ཐུབ་དཀའ་བའི་ཁེར་རྐྱང་གླིང་ཕྲན་དེའི་ཐོག་ལས་གནས་བརྟན་སྲུང་གནང་ཏེ། གཞོན་ནུའི་ལང་ཚོའི་བརྒྱུད་རིམ་ཡོང་རྫོགས་མེས་རྒྱལ་གྱི་མཚོ་སྲུང་བྱ་གཞག་ཐད་ལེགས་སྐྱེས་ཕུལ་གནང་ཡོད། སྤྱི་ལོ་༢༠༡༤ལོར། ཝང་ཅིས་ཚའེ་ཁྱོ་ཤུག་གཉིས་རྒྱལ་ཡོངས་ཀྱི་དུས་རབས་དཔེ་བཟང་མི་སྣར་བདམས་ཐོན་བྱུང་ཡོད། ད་ལོའི་སྤྱི་ཟླ་༧པའི་ཚེས་༢༧ཉིན། ཝང་ཅིས་ཚའེ་ལས་གནས་བརྟན་སྲུང་གནང་བའི་བརྒྱུད་རིམ་ཁྲོད་གློ་བུར་དུ་གཅོང་ནད་ལངས་ཏེ། མྱུར་སྐྱོབ་ཞུས་ཀྱང་སྐྱོབ་ཐབས་བྲལ་ནས་འཇིག་རྟེན་འདི་དང་ཞལ་གྱེས་ཞུས་ཡོད། སྐུ་གྲོངས་དུས་དགུང་ལོ་༥༨ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།