ཞི་ཅིན་ཕིང་གིས་ཨ་རབ་ཚོ་དཔོན་རྒྱལ་ཁབ་དང་སའེ་ནཱ་ཅར། རུ་ཝང་ཏ། ལྷོ་ཨ་ཕེ་རི་ཁ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་ཕྱི་འབྲེལ་པུའི་མགྲིན་ཚབས་པ་ལུའུ་ཁང་གིས། ཨ་རབ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧ་ལི་ཧྥ་དང་། སའེ་ན་ཅར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ལེ། རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་ཅ་མེ། ལྷོ་ཨ་ཕེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མ་ཧྥུའུ་ས་བཅས་ཀྱི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༧པའི་ཚེས་༡༩ཉིན་ནས་ཚེས་༢༤ཉིན་བར་གོང་གི་རྒྱལ་ཁབ་བཞིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།

ལྷོ་ཨ་ཕེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མ་ཧྥུའུ་ས་ཡིས་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༧པའི་ཚེས་༢༥ཉིན་ནས་༢༧ཉིན་བར་ལྷོ་ཨ་ཕེ་རི་ཁའི་ཡུའེ་ཧན་ནའེ་སི་པོ་རུ་སྐོང་ཚོགས་བྱ་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་བཅུ་པར་ཞུགས་རྒྱུ་ཡིན་པ་རེད།

གོང་གི་རྒྱལ་ཁབ་བཞི་ལ་རྒྱལ་དོན་འཚམས་འདྲི་གནང་གྲུབ་པ་མ་ཟད་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་བཅུ་པར་ཞུགས་རྗེས་རྒྱལ་ནང་དུ་ཕྱིར་ཕེབས་གནང་བའི་ལམ་བར་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་རི་ཐིའུ་སིའི་ས་མཚམས་བརྒྱུད་གནང་རྒྱུ་མ་ཟད་མཛའ་གྲོགས་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།