ལི་ཁེ་ཆང་འཚམས་འདྲི་གནང་མཇུག་སྒྲིལ་ནས་པེ་ཅིན་དུ་ཕྱིར་ཕེབས་གནང་བ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༧པའི་ཚེས་༡༡ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པུ་ཀེ་རི་ཡར་དངོས་གཞིའི་འཚམས་འདྲི་གནང་མཇུག་སྒྲིལ་བ་དང་ཐེངས་བདུན་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ནང་ཞུགས་མཇུག་སྒྲིལ་བ། འཇར་མན་དུ་ཕེབས་ནས་རེས་སྐོར་ལྔ་པའི་ཀྲུང་འཇར་སྲིད་གཞུང་གི་གྲོས་མོལ་གནང་མཇུག་སྒྲིལ་བ་མ་ཟད་འཇར་མན་ལ་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་མཇུག་སྒྲིལ་རྗེས་ཆེད་གཏོང་གནམ་གྲུར་ཞུགས་ནས་པེ་ཅིན་དུ་ཕྱིར་ཕེབས་གནང་བ་རེད།

འཚམས་འདྲིར་ཕེབས་རོགས་ཞུ་མཁན་ཙུང་ལི་ལི་ཁེ་ཆང་གི་སྐུ་ཟླ་ཁྲེང་ཧུང་དང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ཤའོ་ཅེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་སོགས་གནམ་གྲུ་གཅིག་ནང་ཞུགས་ནས་པེ་ཅིན་དུ་ཕྱིར་ལོག་གནང་ཡོད་པ་རེད།

པེར་ལིན་ནས་ཞལ་གྱེས་སྐབས་འཇར་མན་སྲིད་གཞུང་གི་སྐུ་ཚབས་དང་འཇར་མན་དུ་བཅར་སྡོད་ཀྲུང་གོའི་གཞུང་ཚབས་ཆེན་མོ་བ་ཧྲེ་མིང་ཏེ་སོགས་ཀྱིས་གནམ་གྲུ་ཐང་དུ་ཕེབས་སྐྱེལ་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།