སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚོགས་ཆུང་མཉམ་འབྲེལ་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་ཨུ་ཡོན་ཀྲང་ལིད་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས༡༠ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཉམ་འབྲེལ་ཚོགས་ཆུང་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནད་དོན་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་དང་བཟུང་འབྲེལ་བྱས་ཏེ་ཆེད་དོན་འདྲི་རྩད་བྱས་པ་དང་། ཨུ་ཡོན་ཀྲང་ལིད་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

ད་ཐེངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱི་ཐོག་ནས། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པའི་རྨང་གཞིའི་ཐོག ཚོགས་ཆུང་མཉམ་འབྲེལ་གྱི་གྲོས་ཚོགས་སྐོང་འཚོགས་བྱས་ནས། ཆེད་དོན་འདྲི་རྩད་སྤེལ་ཡོད་པ་རེད། དེ་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཆེད་དོན་འདྲི་རྩད་ཐེངས་དང་པོ་དེ་ཡིན་ལ། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་ཁྲོད་བཏོན་པའི་གྲུབ་ཆའི་རང་བཞིན་གྱི་སྦགས་བཙོག་གནད་དོན་གྱི་ཅུང་མངོན་གསལ་དོད་པའི་གནས་ཚུལ་ལ་དམིགས་ནས། ཨུ་ཡོན་གྲེང་ལིད་ཧྥང་གིས། གྲོང་ཁྱེར་ཁ་ཤས་ནང་ངར་ལྕགས་ཡོད་པས། གྲོང་མཐའ་འཛུགས་སྐྲུན་གྱིས་སྐོར་བ་དང་། བཟོ་ལས་ཁེ་ལས་ཁ་ཤས་ཤང་གྲོང་དུ་གནས་སྤོ་བྱེད་པས། མ་འོངས་པར་གང་འདྲ་བྱས་ན་གཞི་ནས་འབྱུང་རྩ་ནས་སྦགས་བཙོག་བཅོས་སྐྱོང་ཐུབ་བམ་ཞེས་འདྲི་རྩད་བྱས་པར། བཟོ་འཕྲིན་པུའི་པུའི་ཀྲང་གཞོན་པ་ཤིན་ཀོ་པིན་གྱིས། པེ་ཅིན་དང་། ཐན་ཅིན། ཧེ་པའེ་བཅས་དང་མཐའ་འཁོར་ས་ཁུལ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་དང་། ཧྥེན་ཝུའེ་ཐང་ཆེན་སོགས་གཙོ་གནད་ས་ཁོངས་སུ་གསར་སྣོན་བྱས་པའི་ངར་ལྕགས་དང་། རྡོ་སོལ་སྲེག་སྒྱུར། གློག་བརྟེན་ཧ་ཡང་དབྱེ་འབྱེད། ལུགས་རྒྱག ཨར་འདམ་སོགས་ཐོན་ནུས་ཚོད་འཛིན་ནན་མོ་བྱས་ནས། སྒྲིག་འགལ་ཁྲིམས་འགལ་གྱི་རྣམ་གྲངས་གསར་པ་རྩ་བ་ནས་འཛུགས་མི་ཆོག ཕན་མེད་ཁེ་ལས་དང་། ཕན་འབྲས་དམའ་བའི་ཐོན་ཁུངས་མེད་པ་བཟོ་བ་དང་། ཚད་དང་མི་མཐུན་པའི་བཀོད་སྒྲིག་འཆར་བཀོད་བྱེད་མཚམས་འཇོག་རྒྱུ་བཅས་གཙོ་གནད་ཐོག་བཞག་ནས། མུ་མཐུད་ཐོན་ནུས་ལྷག་མ་ཉུང་གཏོང་བྱ་དགོས་པ་དང་། ད་ལོ་ངར་ལྕགས་ཐོན་ནུས་བྱེ་བ་༣གཡས་གཡོན་ཉུང་གཏོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད་ད་དུང་། གྲོང་ཁྱེར་ཁ་ཤས་སུ་སྦགས་བཙོག་བཅོས་སྒྲིག་གི་གནོན་ཤུགས་དང་། འགན་འཁྲི་རིམ་པས་ཉུང་དུ་འགྲོ་བ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་མི་བྱེད་པ་བཅས་ཤེས་རྟོགས་ཐུབ་པ་དང་། ཨུ་ཡོན་ཅའོ་ཡུང་གིས་ཆེད་མངགས། སྦགས་བཙོག་འབུད་བཤངས་ཀྱི་ཕྱོགས་བསྡུས་ལམ་ལུགས་གནས་ཚུལ་སྐོར་ལ་དྲི་བ་བཏོན་པར། སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་མིང་གིས། སྙན་ཞུའི་ནང་བཏོན་པའི་ས་ཆ་ཁ་ཤས་ཀྱི་སྦགས་བཙོག་འབུད་བཤངས་ཀྱི་ཕྱོགས་བསྡུས་ལག་ཁྱེར་དཔྱད་སྤྲོད་བྱེད་ཚད་ཉུང་དྲག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྦགས་བཙོག་འབུད་བཤངས་ཕྱོགས་བསྡུས་དོ་དམ་སྲོལ་ཡིག་འགྲེམས་སྤེལ་བྱས་པ་སོགས་ཀྱི་བྱ་ཐབས་མགྱོགས་མྱུར་སྐུལ་འདེད་བཏང་བ་བརྒྱུད་དེ་ཚད་ལྡན་བཟོ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།