རྒྱལ་ཡོངས་སྲིད་གྲོས་ཀྱིས་དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོར་གཏོང་བྱ་དགོས་ཞེས་པའི་ཆེད་དོན་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཝང་ཡང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་དུ་དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོར་གཏོང་བྱ་དགོས་ཞེས་པའི་ཆེད་དོན་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོར་གཏོང་བྱ་རྒྱུ་ནི། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་དང་། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཐོབ་རྒྱུར་ངེས་པར་དུ་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་། བཟོད་བསྲན་རྒྱུན་འཁྱོངས། གནད་ལ་འཕིགས་པ་བཅས་ཀྱི་ཐོག་ནས། དཔལ་འབྱོར་གྱི་གཙོ་གནད་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་པ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོར་གཏོང་བྱ་རྒྱུ་དེ་དམིགས་ཡུལ་གཙོ་བོར་འཛིན་པ། ཁྲོམ་རའི་དཔལ་འབྱོར་ཐོན་ཁུངས་བཀོད་སྒྲིག་གི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས། རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ་ཟམ་མི་ཆོད་པར་གོང་མཐོར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཨུ་ཡོན་༢༦གིས་གྲོས་ཚོགས་ཐོག་གཏམ་བཤད་གནང་ཡོད་པ་རེད། འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་ལ་གསན་དང་གྲོས་འགོར་གསན་པ་དང་། ཨུ་ཡོན་ཚོས་དོ་ཁུར་གནང་སའི་དྲི་བར་ལན་ཆ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།