སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་མཇུག་སྒྲིལ་བ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་ཁྲིམས་ལྟར་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་ཆོད་ལ་བརྡས་ཐག་གཅོད་དེ་གྲོས་འཆམ་བྱུང་བ་དང་། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བའི་སྐོར།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ཚེས་༡༠ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་མཇུག་སྒྲིལ་བ་དང་། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གནང་ཡོད།

གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་ཁྲིམས་ལྟར་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་ཆོད་ལ་བརྡས་ཐག་གཅོད་དེ་གྲོས་འཆམ་བྱུང་ཡོད།

གྲོས་ཚོགས་ཐོག་འབྲེལ་ཡོད་བརྡས་ཐག་གཅོད་དགོས་པའི་དོན་ཚན་ཁག་ལ་གྲོས་འཆམ་བྱུང་རྗེས། ལི་ཀྲན་ཧྲུའུ་ཡིས་གསུངས་བཤད་གནང་ཡོད། ཁོང་གིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ལ་གྲོས་བསྡུར་བྱེད་པའི་གཏན་འབེབ་ལ་གཞིགས་པ་དང་། ལས་ཀའི་དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ། ཆེད་མངགས་ཐེངས་འདིའི་རྒྱུན་ཨུད་ཚོགས་འདུ་ཚོགས་པ་དེ་ནི་དོན་ངོ་མའི་ལག་ལེན་ཐོག་ནས་ཞི་ཅིང་ཕིང་གི་འབྱུང་ཁམས་ཤེས་དཔལ་བསམ་བློ་དང་རྒྱལ་ཡོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་ཆེད་དང་། ཏང་ཀྲུང་དབྱང་གི་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཆེད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཆེད་བཅས་ཡིན། ས་ཁུལ་ཁག་དང་ཚན་པ་ཁག་ཕྱོགས་ཁག་བཅས་ཀྱིས་གྲོས་ཆོད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་དབུ་ཁྲིད་འོག འབྱུང་ཁམས་ཤེས་དཔལ་མ་ལག་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ། ལྗང་མདོག་གོང་འཕེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། མངོན་གསལ་འདོད་པའི་འབྱུང་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱས་ཏེ། ཁྲིམས་ལྟར་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་གསུངས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།