ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མེའར་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་7ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེར་ལིན་ཙུང་ཐུང་ལས་ཤག་དུ་འཇམ་མན་གྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མེའར་དང་མཇལ་འཕྲད་གནམ་ཡོད་པ་རེད། ལི་ཁེ་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཧྲེ་ཐའེ་དབྱིན་མེའར་ལ་མཛའ་བརྩེའི་མཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཡོད། ལི་ཁེ་ཆང་གིས། མིག་སྔར། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་མཐུད་ཆུ་ཚད་མཐོ་པོའི་ཐོག་ནས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་རེད། ད་ཐེངས་ཀྲུང་གོ་དང་འཇར་མན་སྲིད་གཞུང་གིས་ གྲོས་མོལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དུམ་མཚམས་རྗེས་མའི་ཁྱབ་ཁོངས་ཁག་གི་མཉམ་ལས་འཆར་འགོད་བཟོས་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་ཐབས་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ ལག་ལེན་དངོས་ཀྱི་ཁྲོད་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ཐད་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུའི་བརྡ་འཕྲིན་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་ཅེས་གསུངས་འདུག

ཧྲེ་ཐའེ་དབྱིན་མེའར་གྱིས་མཇུག་བསྒྲིལ་མ་ཐག་ཡིན་པའི་རེས་སྐོར་ལྔ་པའི་འཇར་མན་དང་ཀྲུང་གོའི་སྲིད་གཞུང་གི་གྲོས་མོལ་ལ་མཇུག་འབྲས་བཟང་པོ་ཐོན་པར་བཀྲིས་བདེ་ལེགས་ཞུས་གནང་བ་མ་ཟད་ད་ལྟའི་གནས་སྟངས་འོག་འཇར་མན་དང་ཀྲུང་གོ་འདི་ཉིད་ཉོ་ཚོང་སྟོབས་ཆེའི་རྒྱལ་ཁབ་ཡིན་པའི་ངོས་ནས་རང་མོས་ཉོ་ཚོང་འཕེལ་རིམ་ལ་འཇིགས་སྣང་མི་འཕྲད་རྒྱུའི་མི་མཐོང་བའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་མོས་པ་གཅིག་མཐུན་གིས་དེ་བས་མིག་རྒྱང་རིང་བའི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་མང་རིང་གི་ཕན་འབྲས་བཟང་པོ་ཐོན་པའི་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་ཐོག་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།