ལི་ཁེ་ཆང་གིས་ཁག་སོ་སོར་བྷོ་ཧེར་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚེ་ལྦེ་ཚེ་འདི་ཆི་དང་། ཧེ་ཧྲན་གྱི་ཙུང་ལི་མའར་ཁེ་ལྦེ་ཆེ། ཅེ་ཁེའི་ཙུང་ལི་པ་པི་ཧྲེ་བཅས་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་7ཚེས་7ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སུའོ་ཧྥེ་ཡར་བཞུགས་སའི་གསོལ་མགྲོན་ཁང་རུ་ཁག་སོ་སོར་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་འགོ་འཁྲིད་མི་སྣའི་ཞལ་འཛོམས་ཐེངས་བདུན་པར་ཞུགས་མཁན་བྷོ་ཧེར་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚེ་ལྦེ་ཚེ་འདི་བྱི་དང་། ཧེ་ཧྲན་གྱི་ཙུང་ལི་མེའར་ཁོ་ལྦེ་བྱི། ཅེ་ཁེའི་ཙུང་ལི་པ་པེ་ཧྲེ་བཅས་དང་མཇལ་འཕྲད་གནང་ཡོད།

ཚེ་ལྦེ་ཚེ་འདི་བྱི་དང་མཇལ་འཕྲད་གནང་སྐབས། ལི་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་བྷོ་ཧེར་དང་མཉམ་དུ་མེ་གློག་ས་ཚིགས་སོགས་རྣམ་གྲངས་ཐད་བརྟན་པོའི་སྒོ་ནས་སྐུལ་སྤེལ་བཏང་སྟེ་ཀྲུང་གོའི་ཁེ་ལས་བྷོ་ཧེར་མྱུར་བགྲོད་གཞུང་ལམ་དང་། ལྕགས་ལམ་རིམ་སྤོར་བསྒྱུར་བཟོ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་བཞུགས་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་བཟང་ཆ་འདོན་སྤེལ་བྱས་ཏེ་ནགས་ལས་ཐོན་ཁུངས་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་ཀྱི་མཉམ་ལས་ཐད་ཤུགས་སྣོན་རྒྱག་རྒྱུ་དང་། ་ཕྱོགས་གཉིས་ཡུལ་སྐོར་མཉམ་ལས་དང་མི་ཆོས་རིག་གནས་སྣང་ཚུལ་སྤེལ་རེས་ལ་སྐུལ་སྤེལ་བཏང་ཐོག་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད། མའར་ཁོ་ལྦེ་བྱི་དང་མཇལ་འཕྲད་གནང་སྐབས། ལི་ཁེ་ཆང་གིས། ཧེ་ཧྲེན་ལྷོ་བྱང་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་བཀོད་འདོམས་རྣམ་གྲངས་ཞིག་ཡིན་པས་ཕྱོགས་གཉིས་པོས་ཞོག་གཅིག་ལ་བལྟས་ནས་ཨར་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ཏེ་རྒྱལ་ཁབ་གཉིས་ཀྱི་རྣམ་གྲངས་ཆེ་མོའི་མཉམ་ལས་ཐད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་ཡོད།

པ་བི་ཧྲེ་དང་མཇལ་འཕྲད་གནང་སྐབས། ལི་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁེ་དང་མཉམ་དུ་ཕྱོགས་གཉིས་སྒོ་དབྱེ་དང་ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་བྱེད་རྒྱ་ཆེ་རུབཏང་ཐོག་དངོས་ཟོག་ཉོ་ཚོང་མང་རུ་གཏོང་རྒྱུ་མ་ཟད་ད་དུང་ཞབས་ཞུའི་ཉོ་ཚོང་མཉམ་ལས་ཀྱང་གཏིང་ཟབ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་དངུལ་རྩ་དང་། མཁའ་ལམ། རླངས་འཁོར། ཞིང་ལས་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་ཆོག་ ཅེ་ཁེ་ཡིས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཡུལ་སྐོར་བ་ཅེ་ཁེར་ཡུལ་སྐོར་དུ་འགྲོ་རྒྱུར་དགའ་པོ་བྱེད་ཀྱི་འདོད་ཡོད་ལ་དེ་བས་མང་བའི་ཅེ་ཁེ་ཡི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུས་ནས་ཕྱོགས་གཉིས་པོའི་མང་ཚོགས་ཕན་ཚུན་རྒྱུས་མངའ་ལོན་རྒྱུ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།