རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་པོ་ཐ་མི་མུ་དང་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་པོ་ཐ་མི་མུ་དང་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད།

ཞི་ཅིན་ཕིང་གིས་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ཁ་ཐར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་སོང་རིང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཕྱོགས་གཉིས་འབྲེལ་བ་གོང་འཕེལ་ཡག་པོ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ལོ་༢༠༡༤ལོའི་ཟླ་བ་བཅུ་གཅིག་པར་སྐུ་ཉིད་ནས་ལེགས་གྲུབ་ལྡན་པའི་སྒོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཀྲུང་གོ་དང་ཁ་ཐར་བར་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུ་ལྷན་དུ་ཁྱབ་བསྒྲགས་བྱས་པས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བའི་ལེའུ་གསར་པ་གཏོད་ཡོད།

ང་རང་ནས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བའི་གོང་འཕེལ་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁ་ཐར་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། སྐུ་ཉིད་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ཏེ་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད་ཅེས་གསུངས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།