ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་འབར་མའི་ཡི་གེའི་དཔར་མའི་འགྲེམ་ཐེངས་དང་པོའི་མཛད་སྒོ་འབར་མའི་རྒྱལ་ས་ནེ་པི་ཏུའུ་རུ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དྲིལ་བསྒྲགས་པུས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་འབར་མའི་ཡི་གེའི་དཔར་མའི་འགྲེམ་ཐེངས་དང་པོའི་མཛད་སྒོ་དང་ཀྲུང་གོ་དང་འབར་མའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཞིབ་བསྡུར་ཚོགས་འདུ་སྤྱི་ཚེས་༩ཉིན་འབར་མའི་རྒྱལ་ས་ནེ་པི་ཏུའུ་རུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གོ་དང་འབར་མའི་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་འཐུས་མི་༣༠༠ལྷག་ཚོགས་འདུར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།