རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་གསུམ་པ་སྐོང་འཚོགས་བྱས་པ་དང་། ཧེན་ཀྲང་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་སྒྱུར་བཅོས་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་གསུམ་པ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧེན་ཀྲེང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་ཀྱང་གནང་ཡོད་པ་རེད། ཧེན་ཀྲེང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་བྱ་རྒྱུའི་དུས་མཚམས་དང་པོའི་ཁོངས་གཏོགས་སྒྲིག་འཛུགས་དང་དུས་མཚམས་གཉིས་པའི་གཏན་འབེབས་གསུམ་གཏན་འབེབས་བྱེད་པའི་ལས་འགན་བདེ་བླགས་ངང་མཇུག་འགྲིལ་བ་དང་། ལས་ཁུངས་གསར་རྙིང་གི་འབྲེལ་མཐུད་བརྟན་ལ་གོ་རིམ་ལྡན་པ་དང་། ལས་བྱེད་ལས་བཟོའི་བསམ་བློ་བརྟན་པ། བསམ་པའི་ཉམས་འགྱུར་ཡག་པོ་ཡོད་པས། ལས་ཁུངས་སྒྱུར་བཅོས་དང་ཉིན་རེའི་ལས་དོན་ཕན་ཚུལ་སྐུལ་འདེད་ཐོག་ནས་མཉམ་དུ་གོང་འཕེལ་འགྲོ་བཞིན་ཡོད་ཅེས་བསྟན་གནང་བ་དང་།

ཧེན་ཀྲེང་གིས། གཏན་འབེབས་གསུམ་གྱི་གཏན་འབེབས་ཞིབ་ཕྲ་ཅན་དུ་གཏང་རྒྱུར་དམ་འཛིན་བྱས་ཏེ། གཏན་འབེབས་གསར་པ་གསུམ་གང་མགྱོགས་ལག་བསྟར་བྱེད་པ་དང་། དུས་ཚོད་ཚིགས་ཚེག་ལྟར་འགན་འཁྲི་དང་། ལས་ཁུངས། མི་སྣ་བཅས་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱེད་པ། ལས་ཁུངས་སྒྱུར་བཅོས་ལས་འགན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་གཏང་རྒྱུ། སྲིད་གཞུང་གི་ཕན་ནུས་མཐོ་རུ་གཏང་རྒྱུ་བཅས་ཟུང་འབྲེལ་བྱེད་པ། མངགས་གཏོང་ལས་ཁུངས་ཀྱི་བཀོད་སྒྲིག་དང་ལེགས་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། བྱ་གཞག་ཚན་པའི་ཁོངས་གཏོགས་བརྗེ་སྒྱུར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་རྒྱུའི་ལམ་ལུགས་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཕན་འབྲས་མཐོ་ལ་གཅིག་གྱུར་གྱི་དཔྱ་ཁྲལ་བསྡུ་བའི་མ་ལག་ཞིག་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།