ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ།
སྤེལ་བའི་དུས་ཚོད། : 2018-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༧ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སོ་ཧྥེ་ཡར་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཡོད་པ་རེད།

དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འགྲེམ་ཁུལ་མདུན་དུ། ཀྲུང་གོའི་ཐོན་རྫས་མང་པོ་ཞིག་ཡོ་རོབ་དབུས་ཤར་རྒྱལ་ཁབ་དུ་དགའ་བསུ་ཐོབ་ཀྱི་ཡོད་པ་མཁྱེན་སྐབས། ལི་ཁེ་ཆང་གིས་དགྱེས་ཚོར་ཆེན་པོའི་ངང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ལ་ཕན་ཚུན་གསབ་རེས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པ་དང་། ཕྱོགས་ཕན་ཚུན་སྒོ་དབྱེ་བ་དེས་ཕྱོགས་ཕན་ཚུན་གྱི་ཉོ་ཚོང་དང་མ་འཇོག་གཞི་ཁྱོན་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཐུབ་པའི་སྐུལ་མ་གནང་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་གནས་དེ་གའི་དགོས་མཁོར་གཞིགས་ཏེ་བཟོ་གྲྭ་བསྐྲུན་ནས། ཐོན་རྫས་ཀྱི་ས་གནས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐུལ་མ་གནང་ཡོད་པ་རེད།

ལི་ཁེ་ཆང་གིས་རྒྱལ་ཁབ་ཁག་གི་ཙུང་ལི་དང་ལྷན་དུ་ཀྲུང་གོས་ཐོན་སྐྱེད་བྱས་པའི་རླངས་འཁོར་དང་། ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་ཐོན་རྫས་ལ་གཟིགས་སྐོར་གནང་ཡོད། ཁོང་གིས། ཀྲུང་གོའི་ཁེ་ལས་དང་ཐོན་རྫས་ཀྱིས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་དགོས་ཤིང་། ཕྱི་རྒྱལ་གྱི་རིགས་ཁག་གི་ཁྲོམ་རའི་ཁྲོད་འཛད་སྤྱོད་པའི་ཞིབ་དཔྱད་ཐེག་ཐུབ་པ་པ་དང་། སྣེ་མང་ཅན་གྱི་ཁྲོམ་ར་གཏོད་དགོས། ཀྲུང་གོས་ཁྲོམ་ར་སྔར་བས་སྒོ་མོ་འབྱེད་རྒྱུ་དང་། ཕྱི་རྒྱལ་གྱི་བྲིན་ཚོང་བྱ་རྒྱུར་འཚམས་པ་དང་ལམ་བུ་འགྲིག་པའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་རིན་གོང་དང་སྤུས་ཀའི་བསྡུར་ཚད་རན་པའི་ཐོན་རྫས་སྣེ་མང་ཅན་གྱི་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་པོའི་འཛད་སྤྱོད་པར་དེ་བས་མང་བ་དང་། དེ་བས་ཡག་པའི་གདམ་གསེས་བྱ་རྒྱུ་ཡོད་པ་བྱ་རྒྱུ་ཡིན། དེ་ནི་ཉོ་ཚོང་རང་མོས་ཅན་གྱི་རྩ་དོན་དང་འཚམས་ཀྱི་ཡོད་ལ། དེས་དེ་བས་ཡག་པའི་གཉིས་ཕན་མཉམ་རྒྱལ་ཡོང་ཐུབ་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།