ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་སི་ཧྲུའེ་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོན་པའི་ཐད་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་འཚམས་འདྲིའི་ཞལ་པར་བསྐྱོན་པ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༥པའི་ཚེས་༡༦ཉིན་ཧིན་རྡུ་ཉི་ཞི་ཡར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོན་པའི་ཐད་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁེར་འཚམས་འདྲིའི་ཞལ་པར་སྐྱོན་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཧིན་རྡུ་ཉི་ཞི་ཡའི་ཏུང་ཀྲྭ་ཝ་མངའ་སྡེའི་སི་ཧྲུའེ་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོན་ཡོད་པས། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་མ་ཟད་ང་རང་མི་སྒེར་གྱི་མིང་ཐོག་ནས་དོན་རྐྱེན་ནང་ཉེས་མེད་རྐྱེན་ལམ་དུ་ཤོར་མཁན་དག་ལ་མྱ་ངན་ཞུ་རྒྱུ་དང་། རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན། ཀྲུང་གོའི་ཕྱོགས་ནས་རྣམ་པ་ཐ་དག་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཧིན་རྡུ་ཉི་ཞི་ཡ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ནས་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།