ཞི་ཅིན་ཕིང་གིས་ཐེ་ལི་ཉི་ཡ་དང་ཏུའོ་པ་ཀའི་ཙུང་ལི་ལུའོ་ལི་དང་མཇལ་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༥ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཐེ་ལི་ཉི་ཏ་དང་ཏུའོ་པ་ཀའི་ཙུང་ལི་ལུའོ་ལི་དང་མཇལ་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་ཙུང་ལི་ལུའོ་ལི་དང་ཁོང་གི་དབུ་ཁྲིད་གནང་བའི་ཐེ་ལི་ཉི་ཏ་དང་ཏུའོ་པ་ཀོའི་མི་དམངས་མི་རིགས་བཅིངས་འགྲོ་ལས་འགུལ་ཏང་གིས་ཡུན་རིང་ནས་བཟུང་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོས་མཉམ་གྲོས་མཉམ་འཛུགས་དང་མཉམ་སྤྱོད་ཀྱི་རྩ་དོན་ལ་གཞིགས་ཏེ་རྒྱལ་ཁབ་ཁག་བར་གྱི་ཐུན་མོང་གོང་འཕེལ་མངོན་འགྱུར་བྱེད་རྒྱུ་དང་། རྒྱལ་ཁབ་བར་དང་ལྷན་དུ་དམ་པ་དོན་དུ་གཉེར་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་འདི་འདྲ་ཞིག་གི་ཁྲོད་དུ་ང་ཚོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཐུན་མོང་གོང་འཕེལ་བཅས་ཀྱི་རྩ་དོན་ལ་དམིགས་ཏེ་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་དང་ཁྱོན་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཡིན། ཐ་ལི་ཉི་ཏ་དང་ཏུའོ་པ་ཀོ་ནི་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། ཀྲུང་གོས་ས་ཁུལ་དེར་ཡོད་པའི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཡིན་པས་རྒྱལ་ཁབ་གཉིས་པོས་ཕྱོགས་མང་པོའི་ཐད་ཀྱི་ལང་ཕྱོགས་འདྲ་པོ་ཡོད་པ་དང་ལྟ་བ་འདྲ་མཚུངས་ཡིན། གནས་བབ་གསར་པའི་འོག་ལ་ཕྱོགས་གཉིས་པོའི་ཐུན་མོང་འབད་ཐབས་འོག་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་གཉིས་དང་ས་ཁུལ། ཕྱོགས་མང་བཅས་ཀྱི་བང་རིམ་ཐོག་ནས་གོང་འཕེལ་གྱི་རྣམ་པ་གསར་པ་དེ་བས་ཆེ་བ་མངོན་འགྱུར་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐེ་ལི་ཉི་ཏས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེ་རིགས་དང་དེ་བཞིན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་དོན་ཁྲོད་དུ་སྦྲེལ་མཐུད་མཐུན་སྦྱོར་དམ་ཟབ་བྱེད་བཞིན་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་ཁབ་གཉིས་པ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་ཕྱོགས་མང་ཚོགས་རར་ཐེ་ལི་ཉི་ཏ་དང་ཏུའོ་པ་ཀོ་སོགས་ཅ་ལེ་པི་རྒྱལ་ཁབ་ལ་བདེན་པའི་དོན་དུ་གཏམ་དྲང་པོ་བརྗོད་རྒྱུ་ཡིན། ཐེ་ལི་ཉི་ཏ་དང་ཏུའོ་པ་ཀོ་ནས་ཀྲུང་གོ་དང་ཅ་ལེ་པི་ས་ཁུལ་དང་དེ་བཞིན་དུ་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་རྒྱལ་ཁབ་བར་གྱི་གྱི་ཁྱོན་ཡོངས་མཉམ་ལས་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།