ཞི་ཅིན་ཕིང་གི་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་གླེང་བཤུས་སྒྲིག་ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
སྤེལ་བའི་དུས་ཚོད། : 2018-04-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་གླེང་བཤུས་སྒྲིག་ཅེས་པའི་དཔེ་དེབ་དེ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།

རྒྱས་གླེང་བཤུས་སྒྲིག་དེ་ཆེད་དོན་བཞི་རུ་དབྱེ་བ་ཕྱེ་ཡོད་པ་སྟེ། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་ཅེས་པ་དང་། གལ་ཆེའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཅེས་པ། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་ཅེས་པ། ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་ཅེས་པ་བཅས་ཁག་བཞི་ཡིན་པ་རེད། དཔེ་དེབ་དེའི་ནང་རྒྱས་གླེང་དུམ་མཚམས་༤༥༠བསྡུས་ཡོད་པ་དང་། དེ་ཡང་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༢ལོའི་ཟླ་༡༡པའི་ཚེས་༡༥ཉིན་ནས། སྤྱི་ལོ་༢༠༡༨ལོའི་ཟླ་༣པའི་ཚེས་༢༠ཉིན་བར་ཡོངས་གྲགས་ངང་སྤེལ་བའི་གསུང་བཤད་དང་། སྙན་ཞུ། བགྲོ་གླེང་། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་སོགས་གལ་ཆེའི་ཡིག་ཚགས་༡༨༠ལྷག་ཙམ་ནས་བཤུས་སྒྲིག་བྱས་པ་ཞིག་ཡིན་པ་རེད།

རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་ཅེས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་དོན་གྱི་གལ་ཆེའི་ནང་དོན་ཞིག་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་འགྱུར་འཆར་བཀོད་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། སྐྱིད་དུས་ཉེན་ཁ་མི་བརྗེད་པ་བཅས་བྱ་རྒྱུ་དེ་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་གལ་ཆེའི་རྩ་དོན་ཞིག་ཡིན་ཞེས་ནན་བཤད་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་ཐད་གནང་བའི་གལ་ཆེའི་རྒྱས་གླེང་རབ་དང་རིམ་པ་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། ང་ཚོའི་ཏང་གིས་རྒྱལ་ཁབ་བདེ་འཇགས་ལ་ངོས་འཛིན་བྱ་རྒྱུ་དེ་མཐོ་ཚད་གསར་པ་དང་གནས་བབ་གསར་པའི་ཕྱོགས་སུ་གོང་མཐོར་བཏང་ཡོད་པ་དང་། དེ་ནི་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་ཀྱི་བསམ་བློའི་མཚོན་ཆ་གལ་ཆེན་ཞིག་ཡིན་པ་རེད།

བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་སྐོར་གྱི་གལ་ཆེའི་རྒྱས་གླེང་ལ་སློབ་སྦྱོང་ནན་ཏན་བྱ་རྒྱུ་དེས། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛབ་ཁྲིད་བྱ་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ། རྒྱལ་ཁབ་སྤྱིའི་བདེ་འཇགས་དགོངས་པ་རྒྱུན་འཁྱོངས་བྱ་རྒྱུ། ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་ལམ་བུའི་ཐོག་བསྐྱོད་རྒྱུ། རྒྱལ་ཁབ་བདེ་འཇགས་སྒྲིག་གཞི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱ་རྒྱུ། དེ་བཞིན་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། རིན་ཆེན་དབང་འདུས།