ཞི་ཅིན་ཕིང་གིས་ཧའེ་ནན་གྱིས་ཞིང་ཆེན་གྱིས་གཉེར་བའི་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2018-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧའེ་ནན་གྱིས་ཞིང་ཆེན་གྱིས་གཉེར་བའི་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་སྤྱི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོ་ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་གཉེར་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད། གལ་ཆེའི་གསུང་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པའི་རྒྱང་སྐྱོད་ལམ་བུའི་ཐོག དཔལ་འབྱོར་དམིགས་བསལ་ཁུལ་མུ་མཐུད་འཛུགས་དགོས་པ་མ་ཟད། ད་དུང་དེ་བས་ལེགས་པ་གཉེར་བ་དང་། ཆུ་ཚད་མཐོ་པོ་གཉེར་དགོས། དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འོས་འགན་སེམས་ལ་བརྟན་པོར་ངེས་པ། འཐབ་ཇུས་གནས་ཐིག་གསར་པ་ཁོང་དུ་ཆུད་པ་བཅས་བྱས་ནས། མུ་མཐུད་བསྒྱུར་བཅོས་སྒོ་དབྱེའི་སྐར་ཁུང་གལ་ཆེན་དང་། བསྒྱུར་བཅོས་སྒོ་དབྱེའི་ཚོད་ལྟའི་སྟེགས་བུ། བསྒྱུར་བཅོས་སྒོ་དབྱེའི་གསར་སྦོལ་བ། བསྒྱུར་བཅོས་སྒོ་དབྱེའི་དངོས་གཉེར་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཁོང་གིས། ད་ལོ་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཞིག་ཡིན་ལ། ཧའེ་ནན་གྱིས་ཞིང་ཆེན་གྱིས་གཉེར་བའི་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་ལོ་ཞིག་ཀྱང་རེད། དེ་རིང་ང་ཚོ་འདི་གར་རྒྱས་འཛོམས་བྱས་ནས་ཧའེ་ནན་གྱིས་ཞིང་ཆེན་གྱིས་གཉེར་བའི་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་སྐབས། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་བསྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་པ་དང་། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་བསྐྲུན་གྱི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་འགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་འགུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་བསྐྲུན་བྱེད་པ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་ཆེད་བྱས་པའི་གལ་ཆེའི་བཀོད་ཇུས་ཤིག་རེད། ལོ་ངོ་བཞི་བཅུའི་ནང་། ཧྲེན་ཀྲེན་དང་། ཀྲུའུ་ཧའེ། ཧྲན་ཐའུ། ཤ་མན། ཧའེ་ནན་བཅས་དཔལ་འབྱོར་དམིགས་བསལ་ཁུལ་བཞིས་འོས་འགན་ལེགས་པར་སྒྲུབ་ནས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་རླབས་ཆེའི་ལོ་རྒྱུས་འཕེལ་རིམ་ནང་རླབས་རྒྱུན་གྱི་མདུན་བསུ་བ་དང་། གསར་གཏོད་ཡར་བརྩོན་གྱི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་བརྩམས་ཡོད་པ་དང་། སྒྲིག་གཞི་བསྒྱུར་བཅོས་ཁྲོད་ཚོད་ལྟའི་ཞིང་ཁའི་ནུས་པ་འདོན་སྤེལ་བྱས་ཤིང་། ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་སྐར་ཁུང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། རྒྱལ་ཡོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཧའེ་ནན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལེགས་གྲུབ་ཉམས་མྱོང་གིས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲུབ་པའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱ་ཐབས་བཅས་ཡོངས་སུ་འགྲིག་པ་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པའི་བཀོད་ཇུས་ཡོངས་སུ་ཡང་དག་པ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཧའེ་ནན་ནི་རང་རྒྱལ་གྱི་དཔལ་འབྱོར་དམིགས་སའི་ཁུལ་ཆེ་ཤོས་དེ་ཡིན་པ་དང་། ས་ཁམས་གནས་ཡུལ་ལ་ཐུན་མིན་ཁྱད་ཆོས་ལྡན་པ་དང་། རྒྱལ་ཡོངས་ཀྱི་འབྱུང་ཁུམས་ཁོར་ཡུག་ཡག་ཤོས་ཡོད་ལ། ཆབས་ཅིག་ལྟོས་བཅས་ཀྱིས་རང་ཚུགས་ཅན་གྱི་ས་ཁམས་སྡེ་ཚན་ཤིག་ཡིན་པས། དེར་རྒྱལ་ཡོངས་ཀྱི་བསྒྱུར་བཅོས་སྒོ་དབྱེའི་ཚོད་ལྟའི་ཞིང་ཁ་ལྟ་བུའི་དམིགས་བསལ་བཟང་ཆ་ལྡན་ཡོད། ཧའེ་ནན་གྱིས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་གྱི་གནས་བབ་ཧྲིལ་པོའི་ནང་དམིགས་བསལ་གྱི་གོ་གནས་དང་གལ་ཆེའི་ནུས་པ་ལྡན་ཡོད། ཧའེ་ནན་གྱིས་སྒོ་དབྱེ་སྔོན་འགྲོར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས། དེ་བས་ཧུར་སེམས་ཆེ་བའི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་དང་། སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་བསྐྲུན་མགྱོགས་སུ་བཏང་ནས། ཁྱོན་ཡོངས་སྒོ་དབྱེའི་གནས་སྟངས་གསར་པ་གྲུབ་པ་བྱས་ཡོད། ཏང་ཀྲུང་དབྱང་གིས་ཧའེ་ནན་གླིང་ཕྲན་ཡོངས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ལ་བསྒྱུར་རྒྱུར་རྒྱབ་སྐྱོར་དང་། ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་བསྐྲུན་ཐད་ཀྱི་ཐོག་མའི་འཚོལ་ཞིབ་དང་རིམ་པས་སྐུལ་འདེད་བཏང་བ་དང་། གོམ་སྟབས་དབྱེ་བ་དང་། དུས་མཚམས་དབྱེ་ནས་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཚོལ་ཞིབ་བྱས་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གོང་འཕེལ་གྱི་གནས་བབ་ཆེན་པོར་གཞིགས་ནས། ཞིབ་འཇུག་གཏིང་ཟབ་དང་། གཅིག་གྱུར་བསམ་གཞིགས། ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བཅས་བྱས་པའི་གལ་ཆེའི་བཀོད་ཇུས་ཤིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་། དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་པའི་བྱ་ཐབས་གལ་ཆེན་ཤིག་ཡིན་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། ཧའེ་ནན་གྱིས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐབས་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་། ཀྲུང་གོའི་རྒྱལ་ཚུལ་དང་འཚམས་པ། ཧའེ་ནན་གྱི་གོང་འཕེལ་གནས་ཐིག་དང་འཚམས་པ་བྱ་དགོས་པ་དང་། རྒྱལ་སྤྱིའི་རང་མོས་ཉོ་ཚོང་གྲུ་ཁའི་སྔོན་ཐོན་ཁེ་གཉེར་བྱ་ཐབས་དང་། དོ་དམ་བྱ་ཐབས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། ང་ཚོས་འཛམ་གླིང་ཧྲིལ་པོའི་མ་འཇོག་པ་རྣམས་ཧའེ་ནན་དུ་མ་འཇོག་དང་བྱ་གཞག་གཏོད་པར་ཕེབས་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་བསྐྲུན་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོའི་གོང་འཕེལ་གོ་སྐབས་མཉམ་སྤྱོད། ཀྲུང་གོའི་བསྒྱུར་བཅོས་གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་པར་ཕེབས་རྒྱུར་དགའ་བསུ་ཞུ་དགོས་ཞེས་གསུངས་འདུག

ཞི་ཅིན་ཕིང་གིས། ཧའེ་ནན་གྱིས་ཆུ་ཚད་དེ་བས་མཐོ་བའི་འགོ་འཛུགས་སའི་ཐོག་ནས་བསྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། ཤུགས་ཚད་གང་ཡོད་བཏོན་ནས་ལམ་ལུགས་དང་སྒྲིག་གཞིའི་སྐྱོན་ཆ་སེལ་ཏེ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཟམ་མི་ཆད་པར་བཅིངས་འགྲོལ་དང་གོང་སྤེལ་གཏོང་དགོས་པ། བསྒྱུར་བཅོས་ཀྱི་བྱ་ཐབས་མ་ལག་རུབ་འདུས་ཤུགས་ཆེར་གཏོང་བ་དང་། ཕྱོགས་ཁག་གི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བགོ་འགྲེམས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་གོང་སྤེལ་གྱི་ལམ་ལུགས་སྒྲིག་གཞི་དང་། ཤེས་ལྡན་པའི་མི་སྣའི་སྒྲིག་གཞི། ནོར་ཁྲལ་དངུལ་རྩའི་སྒྲིག་གཞི། ཡོང་འབབ་བགོ་འགྲེམས་སྒྲིག་གཞི། གཞུང་ཁོངས་ཁེ་ལས་སོགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ། ཧའེ་ནན་གྱིས་རྒྱལ་སྤྱིའི་ནུས་རྒྱུ་དང་། མཚོ་ཐོག་སྐྱེལ་འདྲེན། ཚོང་ཟོག་ཆེ་གྲས། ཐོན་དབང་། མ་རྐང་དབང་ཆ། སོལ་རླངས་འབུད་བཤངས་དབང་ཆ་སོགས་བརྗེ་རེས་བྱེད་ས་འཛུགས་རྒྱུར་རྒྱབ་སྐྱོར་གྱིས། དེ་བས་འཐུས་ཆ་ཚང་བའི་ལམ་ལུགས་སྒྲིག་གཞི་གྲུབ་པ་བྱ་དགོས། ས་གནས་ཏང་སྲིད་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་འཛིན་ཐོན་ཁུངས་བགོ་འགྲེམས་བྱེད་པ། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་བྱེད་པ། སྲིད་འཛིན་མཁོ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་ཏུ་གཏོང་བ། རང་ངོས་ཀྱི་བསྒྱུར་བཅོས་ལ་ཟུང་འབྲེལ་བྱེད་པ་དང་སྲིད་འཛིན་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བ་བྱ་རྒྱུར་འཚོལ་ཞིབ་གསར་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅི་ཕིང་གིས། ཧའེ་ནན་གྱིས་གོང་འཕེལ་གྱི་འདུ་ཤེས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་དགོས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་བྱེད་དགོས། ཐོན་གསར་པའི་ཆ་འཕྲིན་ལག་རྩལ་ཐོན་ལས་དང་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་ཧུར་ཐག་བཏང་ནས། དྲ་སྦྲེལ་དང་། ཟོག་འདྲེན་དྲ་བ། གྲངས་གཞི་ཆེན་མོ། སྲུང་སྐར་ཕྱོགས་སྟོན། མི་ཐབས་རིག་ནུས་བཅས་དང་དངོས་གཟུགས་དཔལ་འབྱོར་ཟུང་འབྲེལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ལྷོ་ཕྱོགས་དར་རྒྱས་ཚན་ཞིབ་ས་བོན་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། རྒྱལ་ཁབ་ཀྱི་ཚ་ཁུལ་ཞིང་ལས་ཚན་རིག་ལྟེ་གནས་བསྐྲུན་དགོས། རྒྱལ་ཁབ་ནས་ཧའེ་ནན་གྱིས་ཚན་ཞིབ་རྟེན་གཞིའི་སྒྲིག་བཀོད་དང་ཆ་རྐྱེན་སྟེགས་བུ་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱ་རྒྱུའི་ཇུས་འགོད་ལ་རྒྱབ་སྐྱོར་བྱས་ནས། བར་ཁམས་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་མཐོ་ས་གཏོད་རྒྱུ་དང་། ཧའེ་ནན་རྒྱལ་སྤྱིའི་གྲུ་ཁ་ནས་བྲལ་བའི་གསར་གཏོད་ལས་སྐྲུན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུ་ཡིན། གཙོ་གནད་ཐོག་ཡུལ་སྐོར་དང་། དྲ་སྦྲེལ། སྨན་བཅོས་བདེ་ཐང་། དངུལ་རྩ། འགྲེམ་སྟོན་སོགས་དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་གསར་གཏོད་གོང་འཕེལ་མགྱོགས་སུ་བཏང་ཐོག ཞབས་ཞུའི་རྣམ་པའི་དཔལ་འབྱོར་གྱིས་གཙོ་བོ་བྱེད་པའི་ཐོན་ལས་གྲུབ་ཆ་ཆགས་པ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་དྲ་བ་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཧའེ་ནན་ནས་འཛམ་གླིང་གི་འགྲུལ་རྒྱུན་གཙོ་བོའི་རྒྱལ་ཁབ་བར་གྱི་རྒྱལ་སྤྱིའི་མཁའ་འགྲུལ་མང་དུ་གཏོང་དགོས། ཚ་ཁུལ་གྱི་ཁྱད་ཆོས་དང་ནུས་པ་ལྡན་པའི་ཞིང་ལས་སྟོབས་ཆེར་གཏོང་བ་དང་སྤུས་ཚད་ལེགས་སུ་བཏང་ནས། རྒྱལ་ཁབ་ཀྱི་ཚ་ཁུལ་དེང་རབས་ཞིང་ལས་རྟེན་གཞི་བསྐྲུན་དགོས། མི་དང་རྒྱ་མཚོ་འཆམ་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་གོང་འཕེལ་ལམ་བུའི་ཐོག་བརྟན་པོ་བསྐྱོད་ནས། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་ནུས་པ་མཐོ་རུ་གཏོང་བ་དང་། ཧའེ་ནན་གྱིས་དེང་རབས་ཅན་གྱི་རྒྱ་མཚོའི་ཐོན་ཁུངས་ར་བ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ། མཚོ་གཏིང་གི་ཚན་རིག་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། དེ་བས་སྒོ་དབྱེ་དང་སྟབས་བདེ་བའི་གླིང་ཕྲན་ནས་ཁ་བྲལ་བའི་སྒོ་ཁྲལ་ཆག་ཡང་གི་ཉོ་སྒྲུབ་སྲིད་ཇུས་ལག་བསྟར་བྱས་ནས། གླིང་ཕྲན་ནས་ཁ་བྲལ་བའི་འགྲུལ་པ་ཡོངས་ལ་ཁེབས་པ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་འདུག

ཞི་ཅིན་ཕིང་གིས། ཧའེ་ནན་གྱིས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་དེ་གོམ་པ་གང་སྔོན་ལ་འགྲོ་དགོས་པ་དང་། རྒྱལ་ཡོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་ཉམས་མྱོང་འཚོལ་ཞིབ་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས། སྔོན་ལ་དེང་རབས་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ལྟ་སྐུལ་དོ་དམ་སྒྲིག་གཞི་འཛུགས་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཧུར་ཐག་བྱེད་པ། ཆར་ཆུ་འབེལ་བའི་ཚ་ཁུལ་ནགས་ཚལ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་དགོས། རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ནན་པོ་བྱས་ནས། སྐམ་ས་དང་རྒྱ་མཚོ་གཅིག་གྱུར་འཆར་འགོད་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོབ་ཉམས་བཟོ་དང་སྦག་བཙོག་འགོག་བཅོས་ས་ཁོངས་ཀྱི་མཉམ་འགུལ་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཧའེ་ནན་གྱིས་མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་བའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བདེན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། སྤྱི་པའི་ཐོན་ཁུངས་གཞི་རིམ་ལ་སྣུར་བསྲིངས་དང་གྲོང་གསེབ་ལ་ཁེབས་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱོགས་ལྷུངས་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དངོས་ཡོད་ཁེ་ཕན་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་འདུག

ཞི་ཅིན་ཕིང་གིས། དཔལ་འབྱོར་དམིགས་བསལ་ཁུལ་ནི་བསྒྱུར་བཅོས་སྒོ་དབྱེའི་འཐབ་ས་མདུན་མར་གནས་ཡོད་པས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བ་དེ་བས་མཐོ་བ་ཡོད། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པར་གཞིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་དོན་སྒྲུབ་པ། འདུ་ཤེས་བཞི་དང་བློ་སྤོབས་བཞི་ལག་བསྟར་བྱེད་པའི་ཁྲོད་གདོང་ལེན་པ་བྱེད་པ། ཆབ་སྲིད་གླེང་བ་དང་གནས་བབ་ཧྲིལ་པོར་གཞིགས་པ། སྒྲིག་སྲོལ་སྲུང་བ་བཅས་ཀྱི་ཐད་མིག་དཔེ་འདོན་དགོས། སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སྤྱོད་ཚུལ་ངན་པས་ཏང་ནང་ཁུལ་གྱི་འཚོ་བར་བསླད་སྐྱོན་གཏོང་རྒྱུར་བཀག་འགོག་བྱེད་པའི་ཐད་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྣོད་བཅུད་ཡག་པོ་ཞིག་བསྐྲུན་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། དུས་རབས་གསར་པར། ཧའེ་ནན་གྱིས་བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་ནས། བསམ་ཕྱོགས་གསར་གཏོད་དང་། སྟོབས་ཤུགས་གཅིག་བསྡུས། ཁྱད་ཆོས་འབུར་ཐོན། བཟང་ཆ་གསབ་སྣོན་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས་དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་མིག་དཔེ་གསར་པ་ཞིག་ལ་གྱུར་བ་བྱེད་དགོས་པ་དང་། བང་རིམ་དེ་བས་མཐོ་བའི་བསྒྱུར་བཅོས་སྒོ་དབྱེའི་གནས་བབ་གསར་པ་ཆགས་པ་བྱེད་དགོས། ཏང་ཀྲུང་དབྱང་གིས་ཉེ་ཆར་ཧའེ་ནན་གྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཞིབ་འཇུག་གཏན་འབེབས་བྱས་ཡོད། ཧའེ་ནན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་དང་། ཡང་འབད་བསྐྱར་འབད་ཀྱིས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་པོ་འཛུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་བྱ་རྒྱུས་ལམ་ཐིག་གཙོ་བོ་བྱེད་པ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ། རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ། བློ་ཁོག་ཆེན་པོས་གསར་གཏོད་འཚོལ་ཞིབ་བྱེད་པ། ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པའི་ཚོད་ལྟའི་ཁུལ་དང་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཞབས་ཞུ་འགན་སྲུང་ཁུལ་བཅས་ཧུར་ཐག་གཏོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཉམས་ལྡན་པའི་དཔེ་སྟོན་ལ་གྱུར་བ་བཅས་བྱས་ཏེ། ཧའེ་ནན་དེ་ཉིད་ཀྲུང་གོའི་ཉམས་འགྱུར་དང་། ཀྲུང་གོའི་གཟུགས་བརྙན་མངོན་པའི་མིང་བྱང་ཞིག་གྱུར་བ་བྱེད་དགོས་ཞེས་བསྟན་གནང་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།