ཞི་ཅིན་ཕིང་གིས་ཧེའི་ནན་གྱི་ས་ཆ་མང་པོར་གཟིགས་ཞིབ་དང་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་གོང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེའི་ནན་གྱི་ས་ཆ་མང་པོར་གཟིགས་ཞིབ་དང་རྟོག་ཞིབ་གནང་ཡོད་པ་རེད།

སྤྱི་ཚེས་༡༡ཉིན་གྱི་ཕྱི་དྲོ། པོ་ཨའོ་ཨེ་ཤི་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨༧ལོའི་ལོ་ཚོགས་ཀྱི་བྱེད་སྒོར་ཞུགས་གནང་གྲུབ་རྗེས་ཞི་ཅིན་ཕིང་གིས་པོ་ཨའོ་ལ་ཁྲེང་རྒྱལ་སྤྱིའི་སྨན་བཅོས་དང་ཡུལ་སྐོར་སྔོན་སྐྱོད་ཁུལ་གྱི་འཆར་འགོད་ཁང་ལ་གཟིགས་ཞིབ་གནང་བ་དང་བསྟར་པ་སྒྲིག་པའི་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་གཅིག་ནས་ཡོན་ཧྲེ་ཚོའི་ངོ་སྤྲོད་གསན་པ་དང་ཕྱོགས་གཞན་ཞིག་ནས་སྒྲིག་ཆས་རེ་རེ་བཞིན་ལ་གཟིགས་གནང་ཡོད་པ་རེད།

ཁོང་གིས་ལག་པའི་མཛུབ་མོའི་ཆེ་ཆུང་ཙམ་ཡོད་པའི་རྒྱལ་ཐོན་ཁབ་ལེན་ཚོད་འཛིན་སྤྱིན་ཐུམ་ཕོ་ཤེལ་འཕྲུལ་འཁོར་མི་ཞིག་ཕྱག་ལ་བསྣམས་ནས་ཞིབ་བཟོ་གསར་སྤེལ་དང་དངོས་སྤྱོད་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་འདུག ཞི་ཅིན་ཕིང་གིས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། དཔལ་འབྱོར་གོང་འཕེལ་གཏོང་བ་དང་བདེ་ཐང་ལ་མཐོང་ཆེན་གྱིས་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཚང་མ་བདེ་ཐང་དང་ཁ་བྲལ་མེད་པས་བདེ་ཐང་བྱ་གཞག་གོང་འཕེལ་ཆེན་པོ་གཏོང་བ་དང་ལུས་པོ་བདེ་ཐང་གི་མི་རིགས་ཤིག་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

སན་ཡ་རུ་ཚ་གདུག་ཆེ་ཞིང་རྒྱལ་ཁབ་ནན་ཧྥན་ཚན་ཞིབ་འདེབས་འཛུགས་རྟེན་གཞིའི་ཆུ་འབྲས་སྐྱེ་འཚར་དགའ་འོས་པ་ ཡོད་པ་རེད། སྤྱི་ཚེས་༡༢ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཡོན་ལུང་ཕིང་སོགས་ཞིང་ལས་ལག་རྩལ་རིགས་གཅིག་མཁས་པ་ཚོ་དང་མཉམ་དུ་མུ་ཁ་ཞིག་བརྒྱུད་རིམ་འདས་བརྒྱུད་འདྲེས་ཆུ་འབྲས་འགྲེམ་སྟོན་ཞིང་རྭ་རྒྱ་ཆེན་པོ་ཞིག་ནང་གི་ཆུ་འབྲས་སྐྱེ་འཚར་ལ་གཟིགས་པ་དང་རིམ་འདས་བརྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་ཚད་དང་བྲོ་བ། ཁྱབ་གདལ་གཏོང་ཚུལ་བཅས་མཁྱེན་རྟོགས་གནང་ཡོད་པ་རེད། ཉིན་དེ་རང་ལ་ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོ་ཚན་རིག་ཁང་གི་་མཚོ་གཏིང་ཚན་རིག་དང་བཟོ་སྐྲུན་ཞིབ་འཇུག་ཁང་དུ་ཕེབས་ནས་མཚོ་ཤོག་རྟགས་ཅན་གྱི་མཚོ་ཟབ་རླུང་འདེད་ལྡིང་འཁོར་འཕྲུལ་ཆས་དང་ཐན་ཡ་གཡང་བབ་འཕྲུལ་འཁོར་སོགས་སྒྲིག་ཆས་ལ་ཞིབ་ཕྲ་གཟིགས་གནང་བ་མ་ཟད་མཚོ་ཟབ་དཔའ་བོ་རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་འཕྲུལ་ཆས་ཀྱི་ཇུད་བཀོད་དབུ་ཆེན་དང་མཉམ་དུ་མཚོ་ཁ་རིང་ཐུང་ཚོགས་པ་དང་མཛའ་བརྩེ་ཐུགས་སྣང་ཤིན་པོའི་བཀའ་མོལ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་བྲ་བ།
ཡིག་སྒྱུར། སྐྱིད་པོ།