ཞི་ཅིན་ཕིང་གིས་ཁག་སོ་སོར་བྷང་ག་ལའི་རྒྱལ་ཁབ་ཀྱི་ཙུང་ཐུང་དང་། ནེ་པ་ལའི་ཙུང་ཐུང་ལ་ཐུགས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ཟླ་3པའི་ཚེས་13ཉིན་ཁག་སོ་སོར་བྷང་ག་ལའི་ཙུང་ཐུང་ཧ་སྨི་ཏེ་དང་། ནེ་པ་ལའི་ཙུང་ཐུང་པན་ཏ་ལི་ལ་གློག་འཕྲིན་བཏང་གནང་ནས། བྷང་ག་ལ་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུ་ནེ་པ་ལར་ཆག་སྒོ་བྱུང་བའི་ཐད་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཐུགས་གསོའི་འཚམས་འདྲིའི་གློག་འཕྲིན་ནང་། འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་གནས་ཚུལ་གློ་བུར་དུ་ཤེས་ཚོར་བྱུང་བས། ང་རང་ནས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་སྒེར་གྱི་མིང་ཐོག་ནས། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་ལྷག་བསམ་དག་པའི་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཉིན་དེ་གར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ནས་ཀྱང་ཁག་སོ་སོར་བྷང་ག་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཞི་ན་དང་། ནེ་པ་ལའི་ཙུང་ལི་ཨའོ་ལིར་ཐུགས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།