ཝང་ཡང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
སྤེལ་བའི་དུས་ཚོད། : 2018-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་ཤིན་ཅང་འཐུས་མི་ཚགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཝང་ཡང་གིས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་འཕེན་ཤོག་མང་པོའི་ཐོག་ནས་གྲོས་འཆམ་བྱུང་བ་དང་། འདི་ནི་རང་རྒྱལ་ཆབ་སྲིད་འཚོ་བའི་ཁྲོད་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་དག་གལ་ཆེན་ཞིག་ཡིན། གསར་དུ་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་དེས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ནུས་ལྡན་གྱི་རྩ་ཁྲིམས་འགན་སྲུང་མཁོ་འདོན་བྱེད་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཡོངས་སུ་མོས་མཐུན་ཡོད་ཅེས་དང་།

ཁོང་གིས། དུས་རབས་གསར་པའི་ཤིན་ཅང་ལས་དོན་ལེགས་པོ་བསྒྲུབ་དགོས་ན་ངེས་པར་དུ་ཁྱོན་ཡངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ལག་ལེན་བསྟར་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་བཟུང་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཁག་གི་སྤེལ་རེས་འགྲོ་འོང་དང་གཅིག་ཏུ་འདྲེ་བར་སྐུལ་འདེད་གཏོང་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཤུགས་ཆེར་གཏོང་རྒྱུ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ། དམག་སྡེས་ཤིན་ཅང་བརྟན་ལྷིང་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་རྒྱུ། འབད་བརྩོན་ཆེན་པོས་མཐུན་སྒྲིལ་འཆམ་མཐུན་དང་དཔལ་དང་འབྱོར་ཕྱུག་ལྡན་པ། ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།