ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ལ་གཟིགས་པ།
སྤེལ་བའི་དུས་ཚོད། : 2018-02-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྱི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་བརྟག་ཞིབ་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།

སྤྱི་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་གྱི་འགོ་འཛིན་ཡིན་རླིད་ཀྱི་ཕེབས་རོགས་འོག ལེང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། གྲེན་ཏུ་གྲོང་ཁྱེར་སོགས་སུ་ཕེབས་ནས། གྲོང་ཚོ་དང་། ཁེ་ལས། སྡེ་ཁུལ་སོགས་སུ་ཕེབས་ཏེ་དབུལ་གྲོལ་འགག་གཏོར་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཐད་རྟོག་ཞིབ་དང་། ཝུན་ཁྲོན་དུ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་གོང་འཕེལ་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཚོར་བ་གནང་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་ལེང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་ནི། རང་བྱུང་ཆ་རྐྱེན་ཞན་པ་དང་གོང་འཕེལ་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་ཞིང་། རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུགས་སྦྲེལ་གྱི་ཆེས་དབུལ་ཕོངས་ས་ཁུལ་གྱི་གྲས་ཤིག་རེད། ཞི་ཅིན་ཕིང་གིས་གནས་དེའི་མང་ཚོགས་རྣམས་ཐུགས་ལ་ངེས་ཡོད་པ་རེད། སྤྱི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོ། གངས་བབ་རྗེས་ཀྱི་ལེང་ཧྲན་ཆེ་བའི་ཁུལ་དུ་ཉི་འོད་རྣམ་པར་བཀྲ་ཞིང་། ལམ་རྒྱུད་ཀྱི་ཤིང་ལས་དངུལ་འོད་ལམ་ལམ་དུ་འཕྲོ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་གཡང་གཟར་ཁྲོད་དུ་བསྐྲུན་པའི་ཕན་ཧྲན་གཞུང་ལམ་བརྒྱུད་ནས་ཕར་ལམ་ཚུར་ལམ་ལ་ཆུ་ཚོད་བཞི་སྤྱད་ནས་ལེང་ཧྲན་གྱི་ལྟེ་བར་གནས་པའི་ཀྲའོ་ཅོ་རྫོང་སན་ཁྲ་ཧོ་ཤང་གི་སན་ཧོ་གྲོང་ཚོ་དང་བཅིངས་འགྲོལ་ཤང་ཧོ་ཧྥུ་གྲོང་ཚོར་ཕེབས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་རེད།

སན་ཧོ་གྲོང་ཚོའི་ཆ་སྙོམས་བབ་མཐོ་ཚད་ལ་སྨི༢༥༠༠ཡོད་པ་དང་། དེ་ནི་དབྱི་རིགས་ཀྱི་དབུལ་ཕོངས་གྲོང་ཚོ་ཞིག་རེད། ཞི་ཅིན་ཕིང་རྡོ་གཅལ་ལམ་ཆུང་བརྒྱུད་ནས་གྲོང་ཚོའི་ནང་ཕེབས་པ་དང་། སྔ་ཕྱིར་དབུལ་ཕོངས་གྲོང་མི་ཅི་ཧོ་ཡེ་ཆོ་དང་། ཅེ་ལེ་ཨོ་ཨ་མུ་གཉིས་ཀྱི་ཁྱིམ་དུ་གཟིགས་པར་ཕེབས་པ་དང་། སྒོའི་མདུན་གྱི་དབུལ་སྐྱོར་འབྲེལ་གཏུགས་གཱ་ཤོག་ལ་གཟིགས་རྗེས། ཁྱིམ་བདག་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོ་ཚོའི་འཚོ་བ་གང་འདྲ་ཡོད་མེད་དང་། ཐོན་ལས་གོང་འཕེལ་འགྲོ་ཚུལ། ཡོང་འབབ་མང་ཉུང་། ཕྲུ་གུ་སློབ་གྲྭར་ཕྱིན་ཡོད་མེད་སོགས་བཀའ་འདྲི་ཞུས་པ་དང་། ཁོང་དགྱེས་ཚོར་ཆེན་པོས་ལོ་བཅུ་ལ་སོན་པའི་བུ་མོ་ཅི་ཧོ་ཡོ་གོས་གཞས་བཏང་བ་གསན་པ་རེད།

གྲོང་མི་ཅི་ལེ་ཨོ་ཨ་མུའི་ཁྱིམ་དུ། ཞི་ཅིན་ཕིང་ནས་གྲོང་མིའི་འཐུས་མི་དང་། གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་མི་མཉམ་དུ་བཞུགས་ནས་དབུལ་ཕོངས་ཐོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་། གནད་འཕིགས་དབུལ་སྐྱོར་གྱི་ཐབས་ཇུས་བཀོད་གནང་ཡོད། ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་ངང་། ང་རང་ནས་ཐོག་མཐའ་བར་གསུམ་དུ་དབྱི་རིགས་མང་ཚོགས་རྣམས་སེམས་ལ་བཞག་ཡོད། ང་རང་འདི་གར་སླེབས་པར་དགའ་སྤྲོ་ཆེན་པོ་བྱུང་། ཚང་མའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བ་མཐོང་དུས་སེམས་ནང་དགའ་ཚོར་ཆེན་པོ་ཆེན་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་དང་། ཡུན་རིང་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱེད་པར་ཤེས་ལྡན་མི་སྣ་དགོས་ཀྱི་ཡོད། ས་གནས་འདི་གའི་ཤེས་ལྡན་པ་གསོ་སྐྱོང་དང་། རྒྱ་ཆེའི་གྲོང་མི་རྣམས་ནས་རིག་གནས་སྦྱོང་བ་དང་། རྩལ་ནུས་སྦྱངས་ནས་འཇོན་ནུས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ད་དུང་དར་སྲོལ་གསར་པ་ཆགས་པ་བྱས་ནས། དཀའ་སྤྱད་ངལ་རྩོལ་བྱེད་པ་བརྒྱུད་དབུལ་གྲོལ་ཕྱུག་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་འདུག ཞི་ཅིན་ཕིང་གིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་དེ་དབུལ་ཕོངས་ས་ཁུལ་དང་། ལྷག་པར་དུ་ཆེས་དབུལ་ཕོངས་ས་ཁུལ་དུ་གནས་ཡོད། དཀའ་ཚེགས་དེ་ཇི་འདྲའི་ཆེ་ཡང་ང་ཚོས་ངེས་པར་དུ་ཁྱད་བསད་བྱེད་དགོས་པ་དང་། འགག་གཏོར་དམག་འཐབ་ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་ངེས་པར་དུ་རྒྱལ་ཁ་ཐོབ་པ་བྱེད་དགོས་ཞེས་གསུངས་འདུག

ཞི་ཅིན་ཕིང་གིས། ལེང་ཧྲན་ཆེ་ཆུང་གཉིས་ལ་སྔ་མོ་ནས་ང་རང་ཡོང་འདོད་ཡོད། ཀྲུང་གོ་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱིས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱེད་དགོས། ང་ཚོའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཐད་ནས་བཤད་ན། དེར་རོལ་མཁན་ཁྲོད་མི་རིགས་ཤིག་དང་། ཁྱིམ་ཚང་གཅིག མི་གཅིག་ཀྱང་ཆད་མི་རུང་ཞེས་གསུངས་འདུག

བཅིངས་འགྲོལ་ཤང་ཧོ་ཧྥུ་གྲོང་ཚོ་ནི་གནས་གཞན་ནས་སྤོས་ཡོང་བའི་གྲོང་གསར་ཞིག་རེད། གྲོང་ཚོ་གསར་པ་དེ་གཞུང་ལམ་གི་འགྲམ་དང་རི་ཡི་འདབས་སུ་བསྐྲུན་ཡོད། ཞི་ཅིན་ཕིང་དབུལ་ཕོངས་དུད་ཚང་ཅི་ཐིར་གྱི་ཁང་པ་གསར་པ་དེར་ཕེབས་པ་དང་། སྒོ་རའི་ནང་གྲོང་ཚོ་དེ་གནས་གཞན་ནས་སྤོས་ཚུལ་དང་། གྲོང་ཚོ་གསར་པ་བསྐྲུན་ཚུལ། ཐོན་ལས་དབུལ་སྐྱོར། སྤྱི་པའི་ཞབས་ཞུ་འགན་སྲུང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་དང་། དེ་རྗེས་ཁང་པའི་ནང་ཕེབས་ནས་ཁྱིམ་ཚང་དེའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཞི་ཅིན་ཕིང་གིས། འདི་གའི་ལག་ལེན་དངོས་ཀྱིས་ར་སྤྲོད་ཐུབ་པར། གནས་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་རྒྱུ་ནི་གནད་འཕིགས་དབུལ་སྐྱོར་གྱི་ཐབས་ལམ་ནུས་ལྡན་ཞིག་རེད། དེར་བརྟེན་ལས་དོན་དེ་ངེས་པར་དུ་ཏན་ཏིག་ངང་སྒྲུབ་དགོས། གནས་ས་སྤོས་པ་དང་ཆབས་ཅིག་ཐོན་ལས་གོང་སྤེལ་དང་། ལས་ཞུགས་བཀོད་སྒྲིག་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། གནས་སྤོའི་མང་ཚོགས་རྣམས་གཞིས་ཆགས་པ་དང་། ལས་ཞུགས་ཐུབ་པ། གོང་འཕེལ་འགྲོ་བ་བཅས་བྱེད་དགོས་ཞེས་གསུངས་འདུག

ཉིན་དེའི་ཕྱི་དྲོ། ཞི་ཅིན་ཕིང་ཤིའི་ཁྲང་ནས་གྲེན་ཏུར་ཕེབས་པ་དང་། གནམ་གྲུ་ནས་བབ་མ་ཐག་ཐན་ཧྥུ་ཁུལ་གསར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཐན་ཧྥུ་ཁུལ་གསར་དེ་སྤྱི་ལོ༢༠༡༤ལོའི་ཟླ་བ་བཅུ་པར་རྒྱལ་ཁབ་རིམ་པའི་ཁུལ་གསར་ལ་ཆོག་མཁན་སྤྲད་པ་རེད། ཞི་ཅིན་ཕིང་གིས་ཤིང་ལུང་མཚེའུ་ཡི་སྐྱེ་ཁམས་བཅོས་སྐྱོང་གྲུབ་འབྲས་དང་། མཚེའུ་ཡི་རྒྱུད་ཀྱི་ཐོན་ལས་འཆར་འགོད་བཀོད་སྒྲིག རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འཛུགས་བསྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་ནས། ཐན་ཧྥུ་ཁུལ་གསར་ནི་རྒྱུད་གཅིག་ལམ་གཅིག་འཛུགས་བསྐྲུན་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་སྤེལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་འཛུགས་བསྐྲུན་ཡག་པོ་བྱེད་དགོས། ལྷག་པར་དུ་སྤྱི་གླིང་གྲོང་ཁྱེར་གྱི་ཁྱད་ཆོས་མངོན་པར་བྱས་ནས། སྐྱེ་ཁམས་རིན་ཐང་ལ་བསམ་གཞིགས་བྱེད་དགོས་པ་དང་། འཕར་གནས་གསར་པ་གཏོད་པ་དང་། སྐམ་སའི་ནང་ཁུལ་གྱི་སྒོ་དབྱེའི་དཔལ་འབྱོར་གྱི་མཐོ་ས་ཞིག་བསྐྲུན་དགོས་ཞེས་གསུངས་འདུག

ད་ལོ་ནི་ལྔ་པའི་བཅུ་གཉིས་ཀྱི་ཝེན་ཁྲོན་ས་ཡོམ་ཆེན་མོ་རྒྱབ་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་གང་འདྲ་བྱུང་ཡོད་དམ། མང་ཚོགས་ཀྱི་འཚོ་བ་གང་འདྲ་ཡོད་དམ། དེའི་ཐད་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྤྱི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོ། ཁོང་ཆེད་མངགས་རྔ་བ་ཁུལ་ཝུན་ཁྲོན་ས་ཡོམ་ཆེན་མོ་རྒྱག་སའི་དབྱིངས་ཤུའུ་གྲོང་རྡལ་དུ་ཕེབས་ཡོད། ལོ་བཅུའི་གོང་ས་ཡོམ་རྒྱབ་ནས་ཡུན་རིང་མ་སོང་བར་ཞི་ཅིན་ཕིང་ཡོམ་ལྷག་ལ་མ་འཛེམས་པར་དེ་གར་ཡོམ་འགོག་གནོད་སེལ་གནས་ཚུལ་ལ་རྟོག་ཞིབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲིར་ཕེབས་ཡོད། དེ་ནས་ལོ་བཅུ་ཕྱིན་རྗེས་གནས་དེར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཞོན་གའུ་སློབ་འབྲིང་གི་གནས་ཤུལ་དུ་ཞི་ཅིན་ཕིང་གིས་ཝུན་ཁྲོན་ས་ཡོམ་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གནོད་སེལ་ཁྲོད་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་ཚོར་མེ་ཏོག་ཕུལ་བ་དང་གུས་འདུད་ལན་གསུམ་ཞུས་ཡོད། ཁོང་གིས། ངེས་པར་དུ་ས་ཡོམ་རྗེས་ཤུལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་དང་། གང་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་གནང་འདུག

དེའི་རྗེས་ཞི་ཅིན་ཕིང་དབྱིང་ཤུའུ་གྲོང་རྡལ་དུ་གྲང་གྲོང་རྡལ་དུ་ཕེབས་ཡོད། དེ་གའི་ཁྲོམ་ལམ་འཆར་འགོད་ལེགས་པ་དང་། ཚོང་ཁང་མང་བ། ལོ་གསར་གྱི་ཉམས་དོད་པོ་ཡོད། ཞི་ཅིན་ཕིང་སྲང་ལམ་འཛུལ་སར་རླངས་འཁོར་ནས་བབ་པ་དང་། འགྲེམ་སྒྲོམ་དང་ཟུང་འབྲེལ་གྱིས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་གསན་པ་རེད།

ཞི་ཅིན་ཕིང་གིས་ཆེས་བདེ་འཇགས་རེད་ཅེས་པའི་ཡོམ་འགོག་རིམ་པ་ག་ཚོད་རེད་དམ་ཞེས་དྲིས་པ།

ས་གནས་དེ་གའི་ལས་བྱེད་ཀྱིས་ང་ཚོའི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཀྱི་ཡོམ་འགོག་རིམ་པ་ནི་དགུ་ཡན་ཡིན་པ་དང་། གྲོང་མིའི་སྡོད་ཁང་གི་རིམ་པ་ནི་བརྒྱད་ཡིན། རིམ་པ་དགུ་ཡན་ལྟར་རྩིས་པ་ཡིན་ཚེ་ཡོམ་འགོག་ཐུབ་བམ། རིམ་པ་དགུ་ནི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཡིན་པས་སྒྲོམ་གཞི་རྣམ་པའི་གཞི་སྒྲོམ་ལས་གྲུབ་པས་བདེ་འཇགས་ལ་འགན་ལེན་ཐུབ་པ་དང་ཞིག་ཉིལ་དུ་འགྲོ་མི་སྲིད་པས་བདེ་འཇགས་ལ་ཡོངས་སུ་འགན་ལེན་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ཆེའི་དབུ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆའི་རང་བཞིན་མངོན་ཡོད་ཅིང་། ཐོན་ལས་གོང་འཕེལ་ལ་སྐུལ་འདེད་དང་དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ལ་མུ་མཐུད་དེ་ནུས་པ་འདོན་རྒྱུ་དང་མི་དམངས་ཀྱི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

ཅང་ཝེ་མིང་གིས་འདི་གར་ཇ་ལོའི་ཚོང་གཉེར་བྱས་ནས་ས་གནས་དེ་གའི་མང་ཚོགས་ཁག་ཅིག་ཇ་ལོ་བསྲེགས་འཐུ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་སྣེ་ཁྲིད་བྱས་ཡོད། ཞི་ཅིན་ཕིང་གིས་ཚོང་ཁང་ནང་དུ་ཕེབས་ནས་སྲོལ་རྒྱུན་གྱི་ཇ་ནག་བཟོ་བའི་ལས་རིམ་ལ་གཟིགས་གནང་བ་དང་། ཁོང་ཚོས་ཡག་ཐོག་ཡག་བརྩེགས་དང་གྲགས་ཅན་ཚོང་རྟགས་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།

དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་འཚམས་འདིར་གྲོང་ཚོའི་ནང་དུ་ནང་མི་ལྷན་འཛོམས་གྱི་འདྲ་པར་སྐྱོན་པ་དང་ཆ་ཡིག་འབྲི་བ། བག་ལེབ་བསྲེགསས་པ་སོགས་དཔྱིད་གསར་དུས་ཆེན་གྱི་སྲོལ་རྒྱུན་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཞི་ཅིན་ཕིང་གང་དུ་ཕེབས་ཀྱང་དེ་གའི་མང་ཚོགས་དང་བགྲོ་གླེང་གནང་བཞིན་ཡོད་པ་རེད།

ཁྱེད་རང་ནི་ང་ཚོའི་གཙོ་འཛིན་ཡག་པོ་དང་ཀྲུང་གོའི་མི་དམངས་ཀྱི་བསོད་ནས་ཀྱི་བགོ་སྐལ་ཡིན་ཞེས་ཞུས་པར།

ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ། ང་ནི་མི་དམངས་ཀྱི་ཞབས་ཕྱི་བ་ཞིག་ཡིན་ཞེས་གསུངས་པ་རེད།

མ་ཕེབས་གོང་དུ་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་ལོ་གསར་ཀྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་པོས་གྲོང་མིཚོར་གུས་ལན་སློག་གནང་བ་རེད།

ཞི་ཅིན་ཕིང་གིས། ས་ཁྱིའི་གནམ་ལོ་བཞིན་དཔལ་འཆར་ལ་ཉེ་བའི་སྐབས་འདིར་ང་རང་འདི་གར་ཁྱེད་ཚོར་བལྟ་བར་ཡོང་བ་ཡིན། ཁྱེད་ཚོ་འཚོ་བ་བག་ཕེབས་ངང་སྐྱེལ་བཞིན་པ་མཐོང་དུས་ང་རང་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ཁྱེད་ཚོའི་གོང་འཕེལ་གྱི་གྲུབ་འབྲས་ལའང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྱེད་ཚོའི་གཅིག་བསྡུས་དཔལ་འབྱོར་གྱི་གོང་འཕེལ་སྟོབས་ཆེར་ཕྱིན་པ་དང་། ད་ཆ་གཅིག་བསྡུས་དཔལ་འབྱོར་གཉེར་མཁན་བྱེ་བ་ཁ་ཤས་ཡོད་པ་མ་ཟད་ཁྱེད་ཚོའི་འདི་གར་མི་ཚང་མ་མ་རྐང་ནང་དུ་ཞུགས་པ་དང་། ཚང་མར་འཐོབ་ཚོར་བྱུང་ཡོད། མི་རེའི་ཆ་སྙོམས་ནི་ཏིལ་ཕུང་མེ་ཏོག་ཤར་བ་ལྟར་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད། ངས་ཁྱེད་ཚོའི་ཁང་པ་ཡང་ཡག་པོ་ཡོད་པ་མཐོང་བྱུང་བས་ངའི་བསམ་པར་གྲོང་ཁྱེར་ནང་གི་མི་མང་པོ་ཞིག་སེམས་པ་ཤོར་སྲིད་ངེས་རེད། ཀྲུང་དབྱང་ནས་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་མུས་ཡིན་པ་དང་། ལྟོ་གོས་གཉིས་འཛོམས་མངོན་འགྱུར་བྱུང་བ་དང་སྤྱིའི་ཆ་ནས་འབྱོང་འབྲིང་མངོན་འགྱར་བྱུང་བའི་རྗེས་ད་དུང་མུ་མཐུད་ཤང་གྲོང་དར་རྒྱས་གཏོང་དགོས་ཞེས་དང་།

ཞི་ཅིན་ཕིང་གིས་གོང་འཕེལ་གང་འདྲ་ཞིག་ལ་སླེབས་རུང་ང་ཚོ་ཚང་མར་གྲོང་གསེབ་ཞིག་ཡོད་དགོས་པ་དང་། ཞིང་ལས་ནི་ད་དུང་ཡང་ང་ཚོའི་གལ་ཆེའི་ནང་གི་འགངས་ཆེན་དེ་ཡིན་པ་དང་ད་དུང་ཡང་ང་ཚོའི་འཐབ་ཇུས་ཀྱི་ལམ་བུ་ཞིག་ཡིན་པས་འདི་འདྲ་སོང་ཙང་འབྱུང་འགྱུར་གྲོང་བརྡལ་ཅན་དུ་འགྱུར་ལྡོག་གང་འདྲ་ཞིག་ཕྱིན་རུང་ཤང་གྲོང་གོང་འཕེལ་གྱི་གོམ་པ་མཉམ་བགྲོད་ཐུབ་པ་བྱེད་དགོས། གྲོང་གསེབ་ཀྱི་གནས་ཚུལ་ཡང་ཐོན་ལས་གོང་འཕེལ་གཏོང་བ་ཁོ་ན་ཙམ་མ་ཡིན་ལ་དངོས་པོའི་དཔལ་ཡོན་ཙམ་མ་ཟད་བསམ་པའི་དཔལ་ཡོན་ཡང་ལེགས་པོ་བསྒྲུབ་དགོས། དངོས་པོའི་དགོས་མཁོ་གང་ལེགས་སྐོང་དགོས་ལ་རིག་གནས་འཚོ་བའི་དགོས་མཁོ་ཡང་གང་ལེགས་སྐོང་དགོས། ལས་དོན་འདི་དག་ཡག་པོ་བསྒྲུབ་དགོས་ན་ཏང་ཀྲི་པུས་སྲོག་ཤིང་བྱས་པའི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། ས་ཆ་གང་འདྲ་ཞིག་ཏུའང་ཡག་པོ་གཉེར་རྒྱུ་དེ་ནི་མེ་འཁོར་ག་ཚོད་མགྱོགས་མིན་དེ་ནི་དེའི་འཕྲུལ་ཆས་ཡག་ཉེས་ལ་རགས་ལུས་པ་དང་གཅིག་མཚུངས་ཡིན་པ་ནི་བརྗོད་མེད་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ད་དུང་ཡུལ་མི་སྤུན་ཟླ་ཚོར་ཁྱིམ་ཚང་བདེ་སྐྱིད་སྨོན་འདུན་དང་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞི་ཅིན་ཕིང་གིས། ངས་གོ་སྐབས་འདི་དཔྱད་དེ་ཁྱེད་ཚོ་བརྒྱུད་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཡོངས་ཀྱི་ཡུལ་མི་སྤུན་ཟླ་རྣམ་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ང་ཚོའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་གནམ་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་བཀྲ་ཤིས་ཤོག་ཞེས་གསུངས་པ་རེད།

སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ཟི་ཁྲོན་ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུགས་གསན་གནང་བ་དང་། ཟི་ཁྲོན་གྱི་ལས་དོན་ཁག་ལ་འཐོབ་པའི་གྲུབ་འབྲས་ལ་གདེངས་འཇོག་གང་ལེགས་གནང་བ་མ་ཟད་ཟི་ཁྲོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་གཏིང་གཟབ་བྱེད་རྒྱུ་དང་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་བྱས་ཐོག ཡར་ཐོན་བརྩོན་ལེན་དང་དཀའ་སྤྱད་འབད་ཐབས་ཀྱིས་ཟི་ཁྲོན་དར་རྒྱས་གོང་འཕེལ་གྱི་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡར་ཐོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། མི་འབོར་དུང་ཕྱུར་༡༣ཡོད་པའི་ཀྲུང་གོ་འདི་ཉིད་མདུན་སྐྱོད་ལམ་ཚད་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་རྒྱུར་ལམ་བུ་གསལ་སྟོན་བྱས་ཡོད། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཤེས་རྟོགས་གང་ལེགས་བྱེད་རྒྱུ་དང་ཁོང་དུ་གང་ལེགས་ཆུད་པ་བྱས་ཐོག དེ་བས་ལེགས་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་གི་ཁྱོན་ཡོངས་རང་བཞིན་དང་། སྦྲེལ་མཐུད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཁོང་དུ་ཆུད་པ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ང་ཚོའི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གྲྭ་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་ལག་ལེན་དངོས་དང་ཟུང་སྦྲེལ་བྱེད་དགོས། རྟོགས་ཞིབ་མང་ཙམ་བྱེད་རྒྱུ་དང་། དོན་དངོས་མང་ཙམ་གཉེར་རྒྱུ། དམ་འཛིན་གང་ལེགས་བྱེད་རྒྱུ། དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་བཅས་དང་དངོས་གཉེར་གོང་བཀུར་དང་སྟོང་བཤད་སྤང་གང་ཐུབ། གནད་འཕིགས་ཤུགས་འདོན་བཅས་ཀྱིས་བསྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་དེ་ལས་འགན་ཁག་གི་ཁྲོད་དུ་དོན་འཁྱོལ་བྱེད་རྒྱུ་དང་། མང་ཚོགས་ལ་ཕན་པ་འཐོབ་པའི་བྱ་གཞག་ཁག་ལས་དོན་དང་ཟུང་སྦྲེལ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། མི་དམངས་ཀྱི་ལྟེ་བ་བྱས་པའི་གོང་འཕེལ་གྱི་བསམ་ཕྱོགས་བརྟན་པོ་འཛུགས་རྒྱུ་དང་། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོ་དང་། ལས་ཞུགས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོས་འགན་སྲུང་། སྤྱི་ཚོགས་བརྟན་ལྷིང་སོགས་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གོང་འཕེལ་དམ་འཛིན་དང་བརྟན་ལྷི་དམ་འཛིན་བྱེད་རྒྱུ་གཉིས་ཀ་དམ་འཛིན་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་སུ་ནག་སེལ་ངན་བཅོམ་ཀྱི་ཆེད་དོན་འཐབ་རྩོད་ཀྱི་གལ་ཆེའི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་ནན་ཏན་གང་ལེགས་བྱེད་དགོས་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་དེ་བས་ཞིབ་ཚགས་དང་དེ་བས་ཏན་ཏིག དེ་བས་དམ་ཟབ་ཡོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་དེ་བས་མངོན་གསལ་དོད་སར་བཞག་ཡོད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན་པ་དང་། འདི་ནི་རྒྱང་རིང་ལ་བསམ་བློ་གང་ལེགས་བཏང་བ་ཞིག་ཡིན་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གཞི་འཛིན་ས་གང་ལེགས་ཡོད་པ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞིར་ཤུགས་སྣོན་རྒྱག་རྒྱུ་དང་། ཏང་ཀྲུང་དབྱང་གི་སྟོན་པར་ལན་ཆ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་དོན་དུ་གཉེར་བ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་འགོག་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་རྒྱུ་དང་སློབ་གསོས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་དེ་རྩ་ཁྲིམས་ཀྱི་དུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། རྩ་ཁྲིམས་དང་དུ་ལེན་པ་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པ། རྩ་ཁྲིམས་ལ་བརྩི་སྲུང་བྱེད་པ། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་སྣེ་ཁྲིད་དགོས། དུས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་རྩ་དོན་ཁག་ཅིག་ལག་བསྟར་ནན་པོ་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་སྟེ། ཏང་ནང་གི་ཆབ་སྲིད་རིག་གནས་གང་ལེགས་གཏོད་རྒྱུ་དང་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་རྣམ་པ་བཟང་གང་ལེགས་གཏོད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།