ཝང་ཧུའུ་ཉིང་གིས་ཅི་ཞི་ཅིན་ཕིང་དང་ཏང་གི་རིག་གནས་ལས་རིགས་ཁག་གི་སྐུ་ཚབ་ཞུས་ནས་ལྷག་ཟམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་ཚིག་ཕུལ་གནང་བ།
སྤེལ་བའི་དུས་ཚོད། : 2018-02-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྐུ་ཚབ་ཞུས་ནས་རིག་གནས་ལས་རིགས་ཁག་གི་གྲགས་ཅན་མི་སྣ་དང་ཚན་རྩལ་རིགས་གཅིག་མཁས་པར་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོར་ལྷག་ཟམ་ཟོལ་མེད་ཀྱི་འཚམས་འདྲི་དང་། རྒྱ་ཆེའི་རིག་གནས་ལས་བྱེད་མི་སྣ་དང་ཚན་རྩལ་ལས་བྱེད་མི་སྣར་དཔྱིད་གསར་དུས་ཆེན་གྱི་སྨོན་ཚིག་ཕུལ་གནང་ཡོད་པ་རེད།

ཝང་ཧུའུ་ཉིང་དང་ཐོག་གྲགས་ཅན་གྱི་སྐྱེས་པའི་སྒྲ་གདངས་མཐོ་བའི་གཞས་པ་ཝུ་ཡན་ཙེ་ཡི་ཁྱིམ་དུ་འབྱོར་བ་དང་། ཐུགས་ཁུར་ཆེན་པོས་ཝུ་ཡན་ཙེ་ཡི་སྐུ་གཟུགས་དང་འཚོ་བའི་གནས་ཚུལ་གྱི་ཐད་བཀའ་འདྲི་ཞུས་གནང་བ་དང་། ཁོང་གིས་མི་རིགས་གླུ་དབྱངས་འཁྲབ་སྟོན་ཐད་ཐོབ་པའི་གྲུབ་འབྲས་ལ་བསྟོད་བསྔགས་གནང་བ་མ་ཟད། ཁོང་གིས་མི་རིགས་སྒྲུ་རྩལ་གྱི་རྒྱུད་འཛིན་སོགས་ཐད་ཀྱི་དགོངས་འཆར་ལ་གསན་གནང་ཡོད་པ་རེད། དེ་རྗེས་ཝང་ཧུའུ་ཉིང་ཀྲུང་གོ་ཚན་རིག་ཁང་གི་འགོ་འཛིན་དང་ཀྲུང་གོ་བཟོ་བསྐྲུན་ལས་གྲྭ་ཁང་གི་འགོ་འཛིན། རང་རྒྱལ་གྱི་ཐོན་གཉིས་པའི་ཅན་༨རྟགས་ཅན་གྱི་གནམ་གྲུའི་སྤྱིའི་འཆར་འགོད་པ་ཀུའུ་སུང་ཧྥེན་གྱི་ཁྱིམ་དུ་ཕེབས་ནས། དགུང་ལོ་༨༨ལ་ཕེབས་ནའང་ཁོང་གིས་རང་རྒྱལ་གྱི་གནམ་གྲུའི་འགུལ་ཤུགས་ལག་རྩལ་གསར་གཏོད་འཕེལ་རྒྱས་ཐད་སྔར་བཞིན་སྐུལ་འདེད་དང་ཞབས་འདེགས་ཞུ་བའི་སྙིང་སྟོབས་ལ་གུས་འདུད་ཞུས་གནང་བ་དང་། ཀུའུ་ཡུང་ཕེན་གྱིས་མཁའ་འགྲུལ་བཟོ་ལས་ལག་རྩལ་གྱི་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་གྲོས་འགོ་བཏོན་གནང་ཡོད་པ་རེད། པེ་ཅིན་སློབ་ཆེན་དངོས་ཁམས་རིག་པའི་དགེ་རྒན་ཆེན་མོ་བ། ཀྲུང་གོ་ཚན་རིག་ཁང་གི་འགོ་འཛིན་གྲེན་ཅ་འར་དང་ཁམས་བདེའི་འཚམས་འདྲི་གནང་སྐབས། ཝང་ཧུའུ་ཉིང་གིས། ཁོང་གིས་ཚན་རིག་སློབ་གསོའི་བྱ་བཞག་གོང་ཞུས་གནང་བ་དང་། གྲེན་ཅ་འར་གྱིས་རྒྱལ་ཁབ་ཀྱིས་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞོན་ནུའི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བསམ་འཆར་བཏོན་གནང་ཡོད་པ་རེད། ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་ཀྱི་གསར་གཏོད་པ་གཙོ་གྲས་སུང་ཧྲུ་ཧྲེང་གི་ཁྱིམ་དུ། ཝང་ཧུ་ཉིང་གིས་ཁོང་གིས་མར་ཁེ་སི་རིང་ལུགས་ཀྱི་དཔེ་མཚོན་བརྩམས་ཆོས་ཀྱི་ཡིག་སྒྱུར་ཞིབ་འཇུག་ཐད་འཕུལ་གནང་བའི་ལེགས་སྐྱེས་ལ་གཏན་ཁེལ་གནང་བ་མ་ཟད། ཏང་གི་བསམ་བློ་དང་རིག་པའི་གཞུང་ལུགས་འཛུགས་སྐྱོང་ཤུགས་ཆེར་གཏོང་རྒྱུའི་ཐད་ཁོང་གི་དགོངས་འཆར་ལ་གསན་འཇོག་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།