ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་གཞིའི་ཐད་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༢ཉིན་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་གཞིའི་ཐད་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཡོད་པ་རེད།

ཞི་ཅིན་ཕིང་གི་འཚམས་འདྲིའི་གློག་འཕྲིན་ནང་། སྐུ་ཉིད་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུང་ནས་འགྲུལ་པ་དང་གནམ་གྲུའི་ལས་དོན་པ་ཚང་མ་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་ཤེས་རྟོགས་བྱུང་བས་ང་རང་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད་ང་རང་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ཡོངས་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་ཚོར་སེམས་སྡུག་ཆེན་པོས་གདུང་སེམས་མཉམ་སྐྱེས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

ཉིན་དེ་རང་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་དོན་དེའི་ཐད་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུར་འཚམས་འདྲིའི་གློག་འཕྲིན་བཏང་གནང་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།