ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དེབ་གཉིས་པ་གོ་ལ་ཧྲིལ་པོར་འགྲེམ་སྤེལ་བྱེད་ཚད་དེབ་གྲངས་བྱེ་བ་གཅིག་ལས་བརྒལ་བ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དེབ་གཉིས་པ་སྤྱི་ལོ་༢༠༡༧ལོའི་ཟླ་༡༡པའི་ཚེས་༧ཉིན་ཕྱི་ཡིག་དཔེ་སྐྲུན་ཁང་གིས་ཀྲུང་དབྱིན་དཔར་མ་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་ཡོད་པ་རེད། འདི་ལོའི་སྤྱི་ཟླ་དང་པོའི་ཚེས་༡༢ཉིན་བར། དེབ་དེ་གོ་ལ་ཧྲིལ་པོར་འགྲེམ་སྤེལ་བྱེད་ཚད་བྱེ་བ་གཅིག་ལས་བརྒལ་ཡོད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཆེད་དབང་གྲགས་ལྡན་པའི་བསླབ་གཞི་མཁོ་འདོན་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ལ་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་སློབ་དེབ་ཡག་ཤོས་མཁོ་འདོན་བྱས་ཡོད་པ་རེད།

ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དེབ་གཉིས་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ལོ་༢༠༡༤ལོའི་ཟླ་༨པའི་ཚེས་༡༨ཉིན་ནས་སྤྱི་ལོ་༢༠༡༧ལོའི་ཟླ་༩པའི་ཚེས་༢༩ཉིན་བར་གྱི་གསུང་བཤད་དང་། བཀའ་མོལ། གཏམ་བཤད། མཆན་འགོད་མཛུབ་སྟོན། བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་སོགས་༩༩བསྡུས་ཡོད་པ་དང་། ཆེད་སྒྲིག་ནང་དོན་༡༧ལ་དབྱེ་ཡོད། དཔེ་སྐྲུན་བྱས་ཟིན་པའི་རྒྱལ་ཡིག་དང་དབྱིན་ཡིག་དཔར་མ་ཕུད། ད་དུང་རྒྱལ་ཁབ་ཁག་གི་ཀློག་པ་པོར་སྔ་ཕྱིར་དེབ་དེའི་སྐད་རིགས་དེ་བས་མང་བའི་དཔར་མ་འདོན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།