ཝང་ཡང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས་མཁོ་འཚོང་མཉམ་ལས་ཁང་གི་བསྒྱུར་བཅོས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་གསུངས།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཝང་ཡང་གིས་མཁོ་འཚོང་མཉམ་ལས་ཁང་གི་བསྒྱུར་བཅོས་གོང་འཕེལ་བཞུགས་མོལ་ཚོགས་འདུའི་ཐོག ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས་མཁོ་འཚོང་མཉམ་ལས་ཁང་གི་བསྒྱུར་བཅོས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཏོན་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་སྤྱི་ཚེས་༡༢ཉིན་པེ་ཅིང་དུ་མཁོ་འཚོང་མཉམ་ལས་ཁང་གི་བསྒྱུར་བཅོས་གོང་འཕེལ་བཞུགས་མོལ་ཚོགས་འདུའི་ཐོག མཁོ་འཚོང་མཉམ་ལས་ཁང་ནི་ཞིང་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བའི་གསོན་ཤུགས་དམག་དང་ཕྱོགས་བསྡུས་སྟེགས་བུ་ཞིག་དང་། གྲོང་གསེབ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན། ཚོགས་ཆེན་བཅོ་བརྒྱད་པ་ཚོགས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་གནང་བའི་མཁོ་འཚོང་མཉམ་ལས་ཁང་བསྒྱུར་བཅོས་གོང་འཕེལ་སྐོར་གྱི་གསུངས་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་ཟུང་སྦྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་ཁྲིད་བྱེད་དགོས་པ། ཞིང་པར་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྗེད་མི་རུང་བ། ཞིང་པར་ཞབས་འདེགས་ཞུ་བའི་འགན་འཁྲི་སེམས་ལ་བརྟན་པོར་ངེས་དགོས་པ། དུས་རབས་གསར་པའི་ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་དགོས་མཁོ་དང་མཚམས་གང་ཐུབ་བྱེད་དགོས་པ། སྒྲིག་གཞི་སྒྲིག་སྲོལ་གསར་གཏོད་བྱེད་རྒྱུ་མགྱོགས་སུ་གཏོང་དགོས་པ། རང་སོའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ཤང་གྲོང་ཁྱོན་ཡོངས་དར་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་ནན་བཏོན་གནང་ཡོད།

ཝང་ཡང་གིས་ཉེ་བའི་ལོ་ཤས་རིང་མཁོ་འཚོང་མཉམ་ལས་བྱ་བཞག་གོང་འཕེལ་ལ་གྲུབ་འབྲས་མངོན་གསལ་འདོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས། མཁོ་འཚོང་མཉམ་ལས་ཁང་གིས་སྒྲིག་འཛུགས་མ་ལག་ཅུང་འཐུས་སྒོ་ཚང་བ་དང་། ཚོང་གཉེར་དྲ་བ་ཅུང་ཆ་ལག་ཚང་བའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཞིང་པ་དང་འབྲེལ་བ་དེ་བས་ཟབ་པ་དང་། ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་དེ་བས་འཐུས་སྒོ་ཚང་བ། ཁྲོམ་ར་ཅན་གྱི་ཁོར་རྒྱུག་དེ་བས་ལེགས་པ་བཅས་ཀྱི་མཉམ་ལས་ཚོང་གཉེར་སྒྲིག་འཛུགས་མ་ལག་གང་མགྱོགས་གཏོད་དགོས་པ་དང་། དེང་སྐབས་ཀྱི་ཁོར་རྒྱུག་བྱ་ཐབས་དང་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་སྲོལ་རྒྱུན་ཚོང་གཉེར་དྲ་བ་བསྒྱུར་བཅོས་རིམ་སྤོར་བྱེད་དགོས་པ་དང་། ཤང་གྲོང་བསྐྱར་དར་ལ་ཞབས་འདེགས་ཞུ་དགོས་པ། དེ་མིན་ད་དུང་ཤང་གྲོང་བསྐྱར་དར་ཁྲོད་སྟོབས་ཤུགས་དེ་བས་ཆེ་རུ་གཏོང་དགོས་པ་ནན་བཏོན་གནང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།