ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙེ་ཡིན་དང་ཞལ་པར་བསྐྱོན་རེས་གནང་བ།
སྤེལ་བའི་དུས་ཚོད། : 2018-01-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༡ཉིན་ཞལ་ཆད་ལྟར་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝན་ཙེ་ཡན་དང་ཞལ་པར་བསྐྱོན་རེས་གནང་ཡོད།

ཞི་ཅིན་ཕིང་གིས། ཙུང་ཐུང་སྐུ་ཉིད་ནས་ཡུན་རིང་མ་སོང་གོང་ཀྲུང་གོར་ལེགས་སྒྲུབ་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་བ་དང་ཕྱོགས་གཉིས་པོས་ཀྲུང་གོ་དང་ལྷོ་ཁོ་རི་་ཡའི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དང་གལ་ཆེའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ནས་ཕན་ཚུལ་བར་གྱི་ཡིད་ཆེས་ཟབ་ཏུ་ཕྱིན་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་སོང་ཡོད། ལོ་གསར་པའི་ནང་ཀྲུང་གོའི་ཕྱོགས་ནས་ལྷོ་ཁོ་རེ་ཡ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད། ཚོར་སྣང་རྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། ཀྲུང་གོས་ལྷོ་ཁོ་རེ་ཡ་ཕྱོགས་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཝུན་ཙེ་ཡིན་གྱིས་ཀྲུང་གོའི་ཕྱོགས་ནས་ང་རང་ཡུན་རིང་མ་སོང་གོང་ཀྲུང་གོར་འཚམས་འདྲི་ཞུ་སྐབས་བཀོད་སྒྲིག་ཞིབ་ཚགས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བའི་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་བྱེད་རྒྱུ་མ་ཟད་ལོ་གསར་པའི་ནང་གོང་འཕེལ་སྔར་ལས་ཆེ་བ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེས་ཆེ་ཞུ་རྒྱུའི་རྣམ་པ་བསྟན་འདུག

ཝུན་ཙེ་ཡིན་གྱིས་ཉེ་དུས་ཀྱི་ལྷོ་བྱང་ཁོ་རེ་ཡའི་མཐོ་རིམ་གྲོས་མོལ་གྱི་གྲུབ་འབྲས་བརྡ་ཁྱབ་གནང་བ་དང་ལྷོ་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་ནས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གནད་དོན་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ཀྲུང་གོའི་ཕྱོགས་ནས་ལྷོ་བྱང་སྐད་ཆ་ཤོད་རེས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུང་གོའི་ཕྱོགས་ནས་སྐད་ཆ་ཤོད་རེས་དང་དབྱེ་འབྱེད་གྲོས་མོལ་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱེད་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷོ་ཁོ་རེ་ཡ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་སྐད་ཆ་ཤོད་རེས་དང་དབྱེ་འབྱེད་གྲོས་མོལ་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་གྱིས་ས་ཁུལ་དེ་རང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་སྔ་བར་ཕྱི་གསུམ་དུ་ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་འབྲེལ་བ་ལེགས་སུ་གཏོང་བ་དང་མཐུན་སྦྱོར་མཉམ་ལས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་གཉིས་པོས་ལྷོ་བྱང་གི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་རིམ་བཞིན་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མིག་སྔར་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་མདུན་དུ་འགྲན་རྩོད་དང་གོ་སྐབས་མཉམ་དུ་གནས་ཡོད། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་དེས་ལྷོ་བྱང་ཁོ་རེ་ཡའི་བར་སྐད་ཆ་ཤོད་རེས་བྱེད་རྒྱུར་གོ་སྐབས་སྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད་དེ་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ལེགས་སུ་འགྲོ་རྒྱུའི་འགོ་ཚུགས་ས་ཤིག་ལ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ལྷོ་ཁོ་རེ་ཡ་ཚུད་པའི་ཕྱོགས་ཁག་ནས་འབྲེལ་གཏུག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བབ་སྔར་བས་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།