ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༧ལོའི་ཀོང་ཀྲོའུ་༼རྒྱུ་ནོར༽དུས་དེབ་ཀྱི་འཛམ་གླིང་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བཀུར་གནང་བ།
སྤེལ་བའི་དུས་ཚོད། : 2017-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༡༢པའི་ཚེས་༦ཉིན་སྤྱི་ལོ་༢༠༡༧ལོའི་༼རྒྱུ་ནོར༽དུས་དེབ་ཀྱི་འཛམ་གླིང་གླེང་སྟེགས་དེ་ཀོང་ཀྲོའུ་རུ་ཚོགས་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་གཏོང་གནང་མཛད་ཡོད་པ་རེད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ནང་། སྤྱི་ལོ་༢༠༡༧ལོའི་ཀོང་ཀྲོའུ་ཡི་༼རྒྱུ་ནོར༽དུས་དེབ་ཀྱི་འཛམ་གླིང་ཧྲིལ་པོའི་གླེང་སྟེགས་འགོ་ཚུགས་པའི་སྐབས་འདིར། ངོས་ནས་གླེང་སྟེགས་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱོགས་ཁག་གི་སྐུ་མགྲོན་རྣམས་ཀྲུང་གོར་གྲོས་ཚོགས་ལ་ཞུགས་པ་ཕེབས་པར་ལྷག་བསམ་རྣམ་གི་དགའ་བསུ་ཞུ་རྒྱུ་ཡིན།

སྐབས་འདིའི་༼རྒྱུ་ནོར༽དུས་དེབ་ཀྱི་འཛམ་གླིང་ཧྲིལ་པོའི་གླེང་སྟེགས་ནས་སྒོ་འབྱེད་དང་གསར་གཏོད་ཅེས་པ་སྟེ། དཔལ་འབྱོར་གནས་སྟངས་གསར་པ་འཛུགས་རྒྱུས་བརྗོད་བྱ་གཙོ་བོ་བྱས་པ་དང་། འཛམ་གླིང་ཧྲིལ་པོའི་གོང་འཕེལ་ལ་འཕྲད་པའི་འགག་རྩའི་གནད་དོན་ཐད་གཅིག་བསྡུས་ཀྱིས་ཚོགས་ཞུགས་སྐུ་མགྲོན་ཚོས་དེ་དོན་དུ་དགོངས་འཆར་བརྗེ་རེས་དང་ཐབས་འདོན་ཇུས་འབུལ་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་གནས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།

ཡུན་རིང་མ་སོང་གོང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཏུ་་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་སྤྱོད་རྩ་འཛིན་དང་གོང་འཕེལ་གྱི་འཆར་འགོད་ཅེས་པ་གཏན་ལ་ཕབ་ཡོད། ང་ཚོས་མི་དམངས་ཀྱི་ལྟེ་བ་བྱས་པའི་གོང་འཕེལ་གྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་ཀྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་ཡོད། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་དང་སྤྱི་ཚོགས་ཧྲིལ་པོའི་གསར་གཏོད་ནུས་ཤུགས་ལ་སྐུལ་སློང་གང་ནུས་བྱས་ཏེ། གོང་འཕེལ་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་རྒྱས་སུ་བཅུག་ཡོད། བང་རིམ་དེ་བས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ། འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་གོའི་གོང་འཕེལ་གྱི་སྟོབས་ཤུགས་ནི་དེ་བས་ཆེ་བ་དང་མི་དམངས་ཀྱི་ཐོབ་ཚོར་ནི་དེ་བས་མང་བ། འཛམ་གླིང་དང་སྤེལ་རེས་དེ་བས་ཟབ་པ་བཅས་ཀྱིས་འཛམ་གླིང་གོང་འཕེལ་གསར་གཏོད་ལ་དེ་བས་མང་བའི་གོ་སྐབས་དང་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས།

ཀྲུང་གོའི་དཔལ་འབྱོར་ལ་ཡུན་རིང་ངང་ལེགས་པའི་ཕྱོགས་སུ་འཕེལ་འགྲོ་བའི་འོད་སྣང་ལྡན་འི་མདུན་ལྗོངས་ལྡན་ཡོད་པ་དང་། རྨང་གཞི་ཡོད་པ་དང་། ཆ་རྐྱེན་ཡོད་པ། སྒུལ་ཤུགས་ཡོད་པ་བཅས་ཀྱིས་བརྟན་པོའི་ཁྲོད་དུ་ཡར་རྒྱས་དང་ལེགས་པའི་ཕྱོགས་སུ་མངོན་འགྱུར་ཐུབ་ངེས་ཡིན། ཀྲུང་གོས་འབྱེད་པའི་སྒོ་མོ་ནམ་ཡང་རྒྱག་མི་སྲིད་པར་དེ་ལས་ལྡོག་སྟེ་སྒོ་མོ་འབྱེད་བཞིན་འབྱེད་བཞིན་ཆེ་རུ་གཏོང་སྲིད། ཁེ་གཉེར་ཁོར་ཡུག་དེ་བས་སྒོ་འབྱེད་དང་ཁ་གསལ། ཚད་ལྡན་བཅས་སུ་འགྲོ་སྲིད། ཀྲུང་གོས་མུ་མཐུད་དེ་འཛམ་གླིང་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དང་རྒྱལ་ཁབ་ཁག་བར་གྱི་ཕན་ཁེའི་སྦྲེལ་མཐུད་རྒྱ་ཆེར་གཏང་ཐོག ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོའི་ཕྱོགས་སུ་དེ་བས་སྒོ་འབྱེད་དང་ཁོག་ཡངས། ཀུན་ཕན། དྲང་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་དེད་གཏོང་དགོས། ང་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་འཛམ་གླིང་ཧྲིལ་པོའི་ཁེ་ལས་ཀྲུང་གོར་མ་འཇོག་དང་བྱ་གཞག་གཏོད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་བསྒྱུར་བཅོས་གོང་འཕེལ་གྱི་སྟེར་བའི་གོ་སྐབས་ཉམས་སུ་མྱོང་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།