ཞི་ཅིན་ཕིང་གིས་ཝེ་ཐ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སླར་ཡང་ཐུགས་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2017-11-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་ཡེར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གནས་སར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སླར་ཡང་ཐུགས་འཕྲད་གན་བ་དང་ཕྱོགས་གཉིས་པོས་བློ་མཐུན་གྱི་ཁར་གཅེན་གཅུང་སྣོན་པའི་སྙིང་དོན་ལ་གཞིགས་ནས་མུ་མཐུད་དེ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་དགོངས་འཆར་གསུང་རེས་གཏིང་ཟབ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ང་རང་ད་ཐེངས་ཝེ་ཐེ་ནམ་ལ་འཚམས་འདྲི་ཞུ་རྒྱུ་ཧ་ཅང་བདེ་བླག་བྱུང་བ་དང་ཝེ་ཐེ་ནམ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་མཛའ་བཤེར་སླར་ཡང་ཚོར་བྱུང་། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པཁའི་འབྲེལ་བ་གཞོམ་ཞིག་མེད་པ་རྡོ་རྗེ་ལྟར་བརྟན་པོ་ཡིན། མིག་སྔར་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་བའི་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་དེ་དག་དོན་དངོས་མཉམ་ལས་གྲུབ་འབྲས་ལ་ཟམ་མི་ཆད་པར་བརྗེ་སྒྱུར་བྱེད་བཞིན་ཡོད། སྤྱི་ཚེས་༡༢ཉིན། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་མཛའ་གྲོགས་ངང་སྤེལ་རེས་ཟབ་མོ་བྱས་ནས་དེ་སྔའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་བཏང་ཐོག་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་མུ་མཐུད་གཏོང་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས་དུས་རིམ་གསར་པར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་དམིགས་བསལ་གལ་ཆེའི་དོན་སྙིང་སྔར་བས་མངོན་བསལ་དོད་དུ་ཕྱིན་ཡོད། ཕྱོགས་གཉིས་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་ཡག་པོ་བྱེད་ཆེད་ཕྱོགས་གཉིས་པོས་སེམས་ཤུགས་བརྟན་དུ་གཏོང་བ་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་བྱེད་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཉམ་ལས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཕྱོགས་སུ་སྐྱོད་རྒྱུ་འགན་ལེན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས་ད་དུང་རོན་ཧྥུ་ཀྲུང་ལ་ཀྲུང་གོའི་ཏང་སྐྱོང་རྒྱལ་སྐྱོང་གི་འབྲེལ་ཡོད་ཉམས་མྱོང་ངོ་སྤྲོད་གནང་འདུག

ཐུགས་འཕྲད་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་རོན་ཧྥུ་ཀྲུང་གིས་ཧུ་ཀྲེ་མིང་གི་བཞུགས་གནས་རྙིང་པར་ཕེབས་ནས་མུ་མཐུད་སྤེལ་རེས་གནང་ཡོད་པ་རེད།

གནའ་བོའི་ཉམས་དང་ལྡན་ལ་ཁུ་སིམ་ཞིང་སྔོ་ལྗང་རྩི་ཤིང་གིས་ཕྱུག་པའི་ཧུ་ཀྲེང་མིང་གི་བཞུགས་གནས་རྙིང་པའི་ནང་ཞི་ཅིན་ཕིང་དང་རོན་ཧྥུ་ཀྲུང་རྣམ་གཉིས་ཀྱིས་མདུན་དུ་ཕེབས་བཞིན་དུ་གླེང་མོལ་གནང་བ་དང་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུའུ་ཞི་ཧུ་ཀྲེ་མིང་སོགས་འགོ་ཁྲིད་པ་རྒན་རབས་ཚོའི་མཛའ་གྲོགས་འགྲོ་འོང་ལ་དྲན་གསོ་གནང་བ་དང་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་དམིགས་བསལ་གྱི་མཐུན་སྒྲིལ་མཛའ་གྲོགས་ལ་སྤྲོ་བ་ཆེན་པོས་ཕྱིར་དྲན་གནང་ཡོད་པ་རེད།

ཉིན་དེ་རང་ལ་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཧུ་ཀྲེ་མིང་གི་བང་གསོར་གུས་འདུད་ཞུས་གནང་བ་མ་ཟད་མེ་ཏོག་སི་ར་སྒྲོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།