ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2017-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་ཏང་ཡོན་འཐུས་མི༩ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་བློ་བདེ་བག་ཕེབས་ངང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་དང་ངོ་ཐུག་ཚོགས་འདུ་ཚོགས་ཡོད་པ་རེད། ན་གཞོན་ཏང་ཡོན་དེ་དག་གིས་རང་ཉིད་ཀྱིས་དངོས་སུ་རྒྱལ་ཁབ་ཀྱི་མདུན་སྐྱོད་གོང་འཕེལ་མྱོང་ཡོད་པ་ཞིབ་ཏུ་གསུངས་ཡོད་པ་མ་ཟད། དེ་དང་ཆབས་གཅིག་ཏང་གི་ཚོགས་ཆེན་བཅུ་དགུ་པ་སྐོང་འཚོགས་བྱ་རྒྱུར་རེ་སྒུག་ཆེན་པོ་བྱེད་ལུགས་མཚོན་པ་བྱེད་ཡོད་པ་རེད།

ད་ལོར་ལོ་༣༩ཟིན་པའི་ཏང་ཡོན་འཐུས་མི་ཀའོ་ཅི་པིང་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་འཛུགས་སྐྲུན་བྱེད་སའི་ཡུལ་དངོས་ནས་ཡོང་ཞིང་། ཁོང་གིས་ཚོགས་པར་སྣེ་ཁྲིད་དེ་བློ་ཁོག་ཆེན་པོའི་སྒོ་ནས་གསར་གཏོད་བྱས་ཏེ། སྔོན་མར་ལོ་ཕྱེད་ཙམ་འགོལ་བའི་མཚོ་འོག་སྦུག་ལམ་གྱི་མཐུད་མཚམས་དཔྱང་འདེགས་ལྷུ་སྒྲིག་བྱས་ནས། ཉིན་གཅིག་ཁོ་ནའི་ནང་ལེགས་གྲུབ་བྱུང་ཡོད་པ་རེད།

བོད་རིགས་ཏང་ཡོན་འཐུས་མི་ཉི་མ་རྒྱལ་མཚན་ཁོང་ཉིད་སློབ་གྲྭ་ནས་མཐར་ཕྱིན་རྗེས་མ་སྐུལ་དང་བླངས་ཀྱིས་རྒྱང་རིང་ལུང་ཁུལ་གྱི་གྲོང་ཚོར་ཕྱིན་ནས་གྲོང་མི་རྣམས་སྣེ་ཁྲིད་དེ་དབུལ་སྒྲོལ་གྱི་ལས་ལ་ཞུགས་པ་དང་སྤྱི་ལོ༢༠༡༥ལོ་ནས་བཟུང་ཡོང་འབབ་སྒོར་ས་ཡ་གཅིག་དང་ལྔ་འབུམ་འཕར་སྣོན་བྱུང་ཡོད་པ་རེད།

རང་ཉིད་ཀྱི་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་ལས་དོན་ཐོག་གི་གྲུབ་འབྲས་དག་གླེང་དུས། ལོ་ན་གཞོན་པའི་ཏང་ཡོན་འཐུས་མི་དེ་ཚོས་བཤད་མང་ཤོས་ནི་རང་ཉིད་རླབས་ཆེ་བའི་དུས་སྐབས་འདི་འདྲ་ཞིག་ཏུ་སྐྱེས་ཡོད་པ་དང་། སྟོབས་ཆེ་བའི་རྒྱལ་ཁབ་ཀྱིས་རང་ཉིད་འཇོན་ཐང་ཅན་དུ་འགྱུར་བ་དང་འཚར་ལོངས་བྱུང་བར་གོང་འཕེལ་ཀྱི་ཁོར་ཡུག་ཡག་ཤོས་ཤིག་བསྐྲུན་ཡོད་པ་དེ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།