ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་ཀྱི་སྐབས་༢༢པའི་ཚང་འཛོམས་ཚོགས་ཆེན་ཐོག་སྨོན་ཚིག་སྒྲོན་པ།
སྤེལ་བའི་དུས་ཚོད། : 2017-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་ཀྱི་སྐབས་༢༢པའི་ཚང་འཛོམས་ཚོགས་ཆེན་དེ་སྤྱི་ཟླ་༩པའི་ཚེས་༡༣ཉིན་སི་ཁྲོན་ཁྲེན་ཏུ་རུ་འཚོགས་འགོ་ཚུགས་ཤིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་སྨོན་ཚིགས་སྒྲོན་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཡུལ་སྐོར་ཐོན་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ཡུལ་སྐོར་ཐོན་ལས་ཀྱི་ཀྲུང་གོའི་དཔལ་འབྱོར་དང་ལས་བཞུགས་ལ་ཕྱོགས་བསྡུས་ཀྱི་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༡༠ལས་བརྒལ་ཡོད། མ་འོངས་པའོ་ལོ་༥ནང་ཀྲུང་གོར་མི་དུང་ཕྱུར་༧ཙམ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་གི་ཡོད། ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། འོད་སྟོང་འབར་བའི་རིག་གནས། མཇེས་སྡུག་དང་སྒེག་ཉམས་ལྡན་པའི་རི་ཀླུང་། སྣེ་མང་གི་ཁྱད་ཆོས་བཅས་ལྡན་ཡོད་པས་ང་ཚོས་སྤྲོ་སེམས་འཁོལ་བའི་ངང་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་ཀྲུང་གོར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་པའི་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།