ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་ཀྱི་སྐབས་22པའི་ཚང་འཛོམས་ཚོགས་ཆེན་ལ་ཤིས་ཚིག་གནང་བ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་ཀྱི་སྐབས་22པའི་ཚང་འཛོམས་གྲོས་ཚོས་སྤྱི་ཚེས་༡༣ཉིན་སི་ཁྲོན་གྱི་ཁྲེང་ཏུའུ་རུ་འགོ་ཚུགས་ཡོད་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཤིས་ཚིག་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཡུལ་སྐོར་ནི་རྒྱལ་ཁབ་མི་འདྲ་བ་དང་། རིག་གནས་མི་འདྲ་བའི་བར་སྤེལ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་གོང་འཕེལ་གཏོང་བ་དང་ལས་ཞུགས་མང་དུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་མ་ཟད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐོན་ལས་གལ་ཆེན་ཞིག་ཡིན་ཞེས་བསྟན་ཡོད་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཡུལ་སྐོར་ལས་རིགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་ལས་ཞུགས་ལ་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༡༠ལས་བརྒལ་ཡོད་ཅིང་། སླད་ཕྱིན་ལོ་ལྔའི་ནང་། ཀྲུང་གོ་བ་མིའི་ཐེངས་གྲངས་དུང་ཕྱུར་༧གྱིས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན། ཀྲུང་གོར་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས། མཛེས་སྡུག་ལྡན་པའི་རི་ཆུ། གོམས་སྲོལ་སྣ་ཚོགས་བཅས་ལྡན་ཡོད་པས། ང་ཚོས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བས་ཀྲུང་གོར་མཛེས་ལྗོངས་ལ་ལྟ་བ་དང་སྤྲོ་གསེང་ལ་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་ཀྱིས་འཛམ་གླིང་ཧྲིལ་པོའི་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡོད། རྒྱལ་ཁབ་ཁག་གིས་ད་རེས་ཀྱི་གྲོས་ཚོགས་དེ་གོ་སྐབས་སུ་བརྩིས་ནས། ཐུན་མོང་ཐོག་འཛམ་གླིང་ཧྲིལ་པོའི་ཡུལ་སྐོར་བྱ་བཞག་ལ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། དབང་འདུས།